རང་སྐྱོང་ལྗོངས་ཀྱི་ཆུ་ཐོན་སློབ་ཚོགས་བཙུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-04

ཉེ་ཆར།  བོད་རང་སྐྱོང་ལྗོངས་ཀྱི་ཆུ་ཐོན་སློབ་ཚོགས་བཙུགས་པ་དང་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད།  རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་དང་ཞིང་ལས་ཚན་རིག་ཁང་སོགས་ཀྱི་འཐུས་མི ༤༠ ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ཆུ་ཐོན་སློབ་ཚོགས་ཀྱིས་རྩ་འཛུགས་ཀྱི་སྒྲོམ་གཞི་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ་དང་།  སྤྱི་ཚོགས་ཚོགས་པའི་གོང་བུ་སྒྲིལ་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་ཆུ་ཐོན་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ཤེས་ལྡན་པ་དེ་བས་མང་བ་གཅིག་ཏུ་འདུས་པ་དང་བོད་ཀྱི་ཆུ་ཐོན་ཐོན་རྫས་གསར་སྤེལ་ཐད་ཐབས་འདོན་ཇུས་འདོན་གྱིས་རྒྱ་ཆེའི་ཚོགས་མི་དང་དོ་བདག་ཚན་པར་ཞབས་འདེགས་ཏན་ཏིག་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཆུ་ཐོན་སློབ་ཚོགས་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་དང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་མཆན་བཀོད་བཀའ་ལན་དང་།  སློབ་ཚོགས་གྲ་སྒྲིག་གི་སྙན་ཞུ།  བོད་རང་སྐྱོང་ལྗོངས་ཀྱི་ཆུ་ཐོན་སློབ་ཚོགས་ཀྱི་སྒྲིག་ཡིག༼འཆར་ཟིན༽བཅས་སྒྲོག་སྦྱངས་བྱས་པ་དང་འབྲེལ་མིང་མི་བཀོད་པར་བཅད་གྲངས་གཏན་འཁེལ་གྱི་འདེམས་ཤོག་འཕངས་ནས་སློབ་ཚོགས་ཀྱི་ལས་འཛིན་དཔོན་དང་།  ལས་འཛིན་དཔོན་གཞོན་པ།  དྲུང་ཆེ།  ཏང་ཀྲི་པུའི་ཨུ་ཡོན་སོགས་བདམས་ཐོན་བྱུང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]