བོད་ཀྱིས་གྲོང་གསེབ་ཀྱི་ཕྱོགས་ངེས་མངགས་ཐོའི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ༧༦༠གཞི་རིམ་དུ་མངགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-04

གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  འདི་ལོ་བོད་དུ་ཕྱི༼ བོད༽ལུགས་གསོ་རིག་རིགས་ཀྱི་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་ཆེད་ལས་དངོས་གཞིའི་ཚན་ཁག་གི་སློབ་མ ༢༣༢ ཤང་༼ གྲོང་རྡལ༽འཕྲོད་བསྟེན་ཁང་ ༢༡༣ དུ་མངགས་ཤིང་།  གྲོང་གསེབ་ཀྱི་ཕྱོགས་ངེས་མངགས་ཐོའི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ ༧༦༠ གཞི་རིམ་དུ་ལས་ཀ་བྱེད་པར་མངགས་ཏེ་ཁོ་ཚོ་གཞི་རིམ་གྱི་མཁོ་ཆོད་སྨན་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  ནད་ཐོག་སྨན་བཅོས་ཀྱི་གསོ་རིག་ཆེད་ལས་དངོས་གཞིའི་ཚན་ཁག་གི་སློབ་མ་རྣམས་བོད་ལྗོངས་སློབ་ཆེན་དང་།  བོད་ལྗོངས་མི་རིགས་སློབ་ཆེན།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཅས་ནས་ཐོན་པ་རེད།  གཏན་འཁེལ་བྱས་པའི་སྲིད་ཇུས་ལྟར་ཁོ་ཚོ་དཔྱད་ཞིབ་བྱས་རྗེས་ཡོངས་བསྒྲགས་ཀྱི་ལས་གནས་དང་མི་སྒེར་གྱི་སྦྱངས་འབྲས་ལྟར་རང་མོས་ངང་ལས་གནས་བདམས་པ་རེད།

གསོ་སྐྱོང་ལོ་ལྔ་བྱས་པ་བརྒྱུད།  ལོ ༢༤ ལ་སླེབས་པའི་ལི་ཅིན་ཡུས་ཀྱིས་འདི་ལོ་བོད་ལྗོངས་སློབ་ཆེན་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་ཆེད་ལས་ནས་ཐོན་རྗེས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཨ་ཚུར་ཤང་འཕྲོད་བསྟེན་ཁང་དུ་ལས་ཀ་གདམ་ག་བྱས་ཡོད།  སློབ་ཆེན་འགྲིམ་རིང་ང་ཚོས་སློབ་ཡོན་དང་ཉལ་ཁང་གི་རིན་པ་སྤྲོད་མི་དགོས་པ་མ་ཟད།  ལོ་ལྟར་འཚོ་བའི་ཁ་གསབ་ཀྱང་ཡོད།  སློབ་གྲྭ་ཐོན་རྗེས་ངས་ཁས་ལེན་དོན་ཐོག་ཏུ་ཡག་པོ་འཁྱོལ་བར་བྱས་ནས་གཞི་རིམ་དུ་ས་གནས་དེ་གའི་མི་སེར་ལ་ཞབས་འདེགས་ཞུ་གི་ཡིནཞེས་ལི་ཅིན་ཡུས་ཀྱིས་བརྗོད།

སྤྱི་ལོ ༢༠༡༠ ལོར་བོད་ཀྱིས་གྲོང་གསེབ་ཀྱི་ཕྱོགས་ངེས་མངགས་ཐོའི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ་གསོ་སྐྱོང་བྱས་ནས་གཞི་ཁྱོན་ཆུང་ངུ་ནས་འགོ་ཚུགས་པ་དང་གཞི་ཁྱོན་ཆེ་རུ་དང་སྟོབས་ཆེར་བཏང་བས།  ད་ལྟའི་དུས་མཚམས་སུ་གཞི་རྩའི་ཆ་ནས་དགོས་མཁོ་སྐོང་ཐུབ་པའི་བརྒྱུད་རིམ་བརྒྱུད་ཡོད།  མིག་སྔའི་བར་བོད་ཀྱི་གྲོང་གསེབ་ཀྱི་ཕྱོགས་ངེས་མངགས་ཐོའི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མའི་སློབ་བསྡུའི་གཞི་ཁྱོན་མི་གྲངས ༡༨༨༠ ཟིན་པ་ལས།  སློབ་མ ༡༡༢༠ ཡིས་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་སློབ་གསོ་དང་ལེན་བྱེད་བཞིན་ཡོད།

ལོ་མང་རིང་བོད་ཀྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།  འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བོད་ཀྱིསདྲ་སྦྲེལ་+༽ཡི་བྱེད་སྟངས་བརྒྱུད་ཐོན་ཁུངས་དེ་བས་མང་བ་དང་སྨན་པ་དཀའ་བཅུ་པའི་སྟོབས་ཤུགས་དེ་བས་མང་བ་གཞི་རིམ་སྨན་ཁང་དུ་གཅིག་སྡུད་བྱས་ནས་མི་སེར་ཚོར་དེ་བས་སྤུས་ཀ་ལེགས་པའི་སྨན་བཅོས་ཞབས་འདེགས་ལོངས་སྤྱོད་ཐུབ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]