ཀྲོང་ཡན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-05

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཉེ་དུས།  ལྗོངས་སྲིད་གྲོས་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས།  ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་མཉམ་སྡེབ་སློབ་སྦྱོང་གནང་བ་རེད།
ལེ་ཀུའེ་ལུང་དང་བསོད་ནམས་རིག་འཛིན།  ཝང་ཡ་ལིན།  སངས་རྒྱས་གྲགས་པ།  སྒྲོལ་དཀར།  རྒྱ་མཚོ་ལྷ་མོ་བཅས་ཚོགས་འདུར་ཕེབས་པ་མ་ཟད་སྤེལ་རེས་གཏམ་བཤད་ཀྱང་གནང་བ་དང༌།  བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་བ་རེད།
ཀྲོང་ཡན་ནས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ལོ་རྒྱུས་འགག་རྩའི་དུས་སུ་ཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་ཞིག་རེད།  ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ནང་ལོ་བརྒྱའི་ཚུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་བདེ་སྐྱིད་ཡོང་ཐབས་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཐབས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཆེད་བྱས་པའི་འབད་བརྩོན་དང་བློས་གཏོང༌།  གསར་གཏོད་བཅས་ཀྱི་སྐོར་གླེང་ཡོད།  ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་ཚད་སྒྲུབ་རྒྱུར་འབོད་སྐུལ་བྱས་ཡོད་པས་དེ་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།  ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ནས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་།  སྲིད་གྲོས་འདི་ཉིད་ཆེད་དོན་གྲོས་མོལ་ཚན་པ་ཞིག་ཡིན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས།  རང་རྟོགས་ངང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་གོ་རྟོགས་མཐོ་རུ་གཏོང་བ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ།  རྒྱང་ལམ་གསར་པའི་ཐོག་དེ་བས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]