རང་ལྗོངས་ཀྱིས་སོལ་རླངས་བདེ་འཇགས་ལེབ་བཤེར་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-05

སྤྱི་ཚེས ༢ ཉིན།  རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་རང་ལྗོངས་ཀྱི་སོལ་རླངས་བདེ་འཇགས་ལེབ་བཤེར་བཅོས་སྒྲིག་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་ནས།  རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ལེབ་བཤེར་བཅོས་སྒྲིག་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་བ་མ་ཟད།  འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  རིམ་ཁག་ཚན་པ་ཁག་གིས་ལེབ་བཤེར་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བ་དང་ཡུལ་བབ་དང་བསྟུན་ནས།  རང་ལྗོངས་ཀྱི་ཆེད་དོན་བཅོས་སྒྲིག་ཇུས་གཞི་བཟོ་བ།  སོལ་རླངས་ལས་རིགས་ལ་ཁྱོན་ཡོངས་ནས་ལེབ་བཤེར་དང་བཅོས་སྒྲིག་བྱེད་པ།  ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  བདེ་འཇགས་ཀྱི་རྐྱེན་རྩ་སྔ་ཙམ་ཤེས་པ་དང་སྔ་ཙམ་ཐག་གཅོད་བྱེད་དགོས་པ་དང༌།  བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱབ་ཏེ་དམངས་ཡོངས་ཀྱི་བདེ་འཇགས་སྔོན་འགོག་འདུ་ཤེས་དང་རང་སྐྱོབ་རོགས་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ནས།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་དང་།  ལྗོངས་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་རྣམ་པ་རྒྱུན་མཐུད་བརྟན་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]