རུ་ཐོག་ཤང་ལྟེ་བའི་སློབ་ཆུང་དུ་ལྗོངས་ཡོངས་ཀྱི་བྱིས་པའི་དཔེ་ཀློག་ཁྱབ་གདལ་ཞབས་ཞུ་ས་ཚིགས་ཐོག་མ་དེ་བཙུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-05

སྤྱི་ཚེས ༣ ཉིན་གྱི་སྔ་དྲོ།  བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་རྫེམས་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུད་ཀྱི་ལས་དོན་རུ་ཁག་དང་མཉམ་འབྲེལ་ཐོག  རུ་ཐོག་ཤང་ལྟེ་བའི་སློབ་ཆུང་དུ་ལྗོངས་ཡོངས་ཀྱི་བྱིས་པའི་དཔེ་ཀློག་ཁྱབ་གདལ་ཞབས་ཞུ་ས་ཚིགས་ཐོག་མ་དེ་བཙུགས་པ་དང༌།  ཞབས་ཞུ་ས་ཚིགས་དེར་ལོ་ཆུང་བྱིས་པའི་ཚན་རིག་ཁྱབ་གདལ་དང་རྩོམ་རིག་སོགས་དཔེ་དེབ་སྣེ་ཁ་ཆིག་སྟོང་ལྷག་ཙམ་ཡོད།  
རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བྱིས་པའི་དཔེ་གཟིགས་པུའི་ཀྲུའུ་རེན་གཞོན་པ་མིག་དམར་ནས།  ང་ཚོས་ལོ་ལྟར་བརྒྱ་ཆ་སུམ་ཅུའི་དཔེ་དེབ་གསར་བརྗེས་བྱེད་ཀྱི་ཡོད།  སླད་ཕྱིན་ང་ཚོས་ད་དུང་ས་ཚིགས་གཉིས་པ་དང་གསུམ་པ་བཙུགས་ནས་གཞི་རིམ་གྱི་ཕྲུ་གུ་ཚོས་དེབ་དེ་བས་ལེགས་པ་ལྟ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།  
ཤེས་རྟོགས་བྱུང་བར་གཞིགས་ན།  དཔེ་མཛོད་ཁང་གིས་དཔེ་དེབ་གཡར་བའི་ཞབས་ཞུ་སྒྲུབ་པ་ཕུད་ལས་བཟོ་པ་གཅིག་གིས་ཞབས་ཞུའི་ས་ཚིགས་ཀྱི་སྦྲེལ་མཐུད་ལས་དོན་འགན་འཁུར་དུ་བཅུག་པ་དང༌།  དཔེ་མཛོད་ཁང་ཆུང་གྲས་ཀྱི་རང་འགུལ་དོ་དམ་མ་ལག་ནང་འདྲེན་བྱས་ཏེ་དཔེ་དེབ་ལ་དྲ་ཐོག་ནས་དོ་དམ་བྱས་པ་མ་ཟད།  སློབ་མ་ཚོར་དཔེ་དེབ་གཡར་བའི་གཱ་སྤྲོད་རྒྱུ་ཡང་རེད། 

མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུད་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཉི་མ་དབྱངས་ཅན་ནས།  སྟེགས་བུ་དེ་བརྒྱུད་ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་སྤེལ་རེས་བྱེད་སྒོ་སྤེལ་ནས།  དགེ་རྒན་གྱིས་ཕྲུ་གུ་ཚོ་སྣེ་ཁྲིད་དེ་དཔེ་མཛོད་ཁང་བརྒྱུད་ཕྲུ་གུ་ཚོར་དཔེ་ཆ་ལྟ་ཀློག་གི་གོམ་གཤིས་འཇག་པ་དང་དཔེ་དེབ་དེ་བས་མང་བ་ལྟ་ཐུབ་པ་བྱེད་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]