དབང་ཧའེ་ཀྲའུ་ཡིས་བོད་ལྗོངས་མཛེས་རྩལ་ཁང་དེ་རིག་གནས་ལས་གཞི་རྩེ་གྲ་ཞིག་ཏུ་སྐྲུན་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-07

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང༌། བོད་ལྗོངས་མཛེས་རྩལ་ཁང་གྲབས་འཛུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་ཧའེ་ཀྲའུ་ཡིས།  བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད།  རང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་ལས་གཏོད་བློ་གསར་གླིང་ཁུལ་འཛུགས་སྐྲུན་ལས་ཀར་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་ཡོད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་དང༌།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་རྣམ་གཉིས་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
དབང་ཧའེ་ཀྲའུ་ནས།  འབྲེལ་ཡོད་ཚན་པ་ཁག་གིས་རྣམ་གྲངས་འཛུགས་སྐྲུན་ལ་མཐོང་ཆེན་པོ་བྱས་ཏེ་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་།  རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ།  འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང༌།  གཏན་འཁེལ་ཟིན་པའི་དམིགས་ཚད་དང་ལས་འགན་གྱི་བླང་བྱར་གཞིགས་ཏེ་གཅིག་གྱུར་འཆར་འགོད་ངང་བཀོད་སྒྲིག་བྱེད་པ་དང་།  ཕྱོགས་བསྡུས་བསམ་གཞིགས་བྱས་ནས་དེ་མཚུངས་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ།  སྤུས་ཚད་དང་འགྲོ་ལུགས།  བདེ་འཇགས་སོགས་ཀྱི་འགག་སྒོ་ནན་པོ་སྲུང་ནས་བོད་ལྗོངས་མཛེས་རྩལ་ཁང་དེ་རིག་གནས་ལས་གཞི་རྩེ་གྲ་ཞིག་ཏུ་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]