གྲེན་ཡུང་ཇིས་ཆབ་མདོར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སོགས་སྒྲོག་འགྲེལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-12-07

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་གྲེན་ཡུང་ཇིས།  ཆབ་མདོ་གྲོང་ཁྱེར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་།  རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང༌།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
གྲེན་ཡུང་ཇི་ནས།  སློབ་སྦྱོང་དང་སྦྱོང་བརྡར།  དྲིལ་བསྒྲགས་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ་དང་།  ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་ཀྲི་པུའི་སློབ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བ།  ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་འདུ་ཤེས་བཞི་ཟབ་གཏོང་དང་གདེང་ཚོད་བཞི་བརྟན་གཏོང་།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་དགོས་པ།  གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ།  གསར་གཏོད་བཞི་དང་མདུན་གྲལ་དུ་བསྐྱོད་ཐུབ་པ་བཞིར་དམ་འཛིན་བྱས་ནས་དོན་ཆེན་བཞིར་གཅིག་གྱུར་འཆར་འགོད་བྱེད་དགོས་པ།  མི་དམངས་ལྟེ་བ་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དེ་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་རྩིས་ནས་དམ་འཛིན་བྱེད་དགོས་པ།  བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ཏེ་གསར་གཏོད་ཀྱི་བསམ་བློར་བརྟེན་ནས་དཀའ་གནད་སེལ་བ་དང་ལས་ཀར་སྐུལ་འདེད་གཏོང་དགོས་པ།  དཀའ་སྤྱད་སྙིང་རུས་དང་འབད་འབུངས་ཡར་བརྩོན་ངང་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་།  ཞིབ་ཚགས་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི ༣༧༠ ལྷག་ཙམ་ཚོགས་འདུར་ཞུགས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]