སྤྱི་ཚེས ༡༧ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ཏེ། ཏང་ཀྲུང་དབྱང་གི་གཏན་འབེབས་དང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གི་ཀྲང་ཡུང་ཙེས་སྒྲིག་འགལ་ཁྲིམས་འགལ་ཚབ་ཆེན་བྱས་པར་ཞིབ་བཤེར་བརྟག་དཔྱད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།།