རང་ལྗོངས་ཀྱི་དབུ་ཁྲིད་ཀྱིས་ནད་ཡམས་འགོག་ཟོན་དང་ཆ་འཕྲིན་ལས་སྟེགས་འཛུགས་སྐྱོང་བྱེད་ཚུལ་ཐད་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-18

ཉིན་ཤས་གོང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མེས་ཀྱིས་བརྟག་ཞིབ་ཚོགས་ཆུང་དང་བཅས་པའི་སྣེ་ཁྲིད་དེ།  རང་སྐྱོང་ལྗོངས་རིམས་འགོག་ལྟེ་གནས་དང་ཀའོ་ཁྲེ་ཀུང་སིར་ཕེབས་ནས་གཟིགས་ཞིབ་དང་སྙན་ཞུ་གསན་པ་སོགས་ཀྱི་བྱ་ཐབས་བརྒྱུད།  ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་གྱི་ནད་ཡམས་བརྟག་དཔྱད་ཕུགས་དེད་དང་།  ནད་ཡམས་འགོག་ཟོན་དོ་དམ་ལས་སྟེགས།  ཉིང་སྐྱུར་བརྟག་དཔྱད་ཚད་ལེན་ཆ་འཕྲིན་མ་ལག  དེ་བཞིན་བོད་བདེ་ཤར་གཏོང་ཞེས་པའི་བདེ་ཐང་བཤེར་རྟགས་སོགས་ཆ་འཕྲིན་ཅན་རྣམ་གྲངས་འཛུགས་སྐྲུན་སོགས་གནས་ཚུལ་ཐད་ས་གནས་ས་ཐོག་གི་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།
བརྟག་དཔྱད་ཞིབ་འཇུག་ཚོགས་ཆུང་ནས།  རིམ་ཁག་ཚན་པ་ཁག་གིས་ནད་ཡམས་འགོག་ཟོན་གྱི་བརྟག་དཔྱད་ལས་དོན་དང་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་ལས་དོན་ཏན་ཏིག་སྤེལ་ཏེ།  རང་ལྗོངས་ཀྱི་ནད་ཡམས་འགོག་ཟོན་ལས་དོན་སྒྲུབ་རྒྱུར་ཕྱོགས་ཡོངས་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་དང་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]