ཀྲོང་ཡན་གྱིས་སྲིད་གྲོས་ཏང་འཛུགས་སྐྱོང་གི་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་པ་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-18

ཉིན་ཤས་གོང་།  རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ལས་ཁུངས་ཏང་ཙུའུ་དང་།  ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁག་བགོས་ཏང་ཙུའི་ལས་དོན་སྙན་ཞུ་གསན་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། 

ཀྲོང་ཡན་ནས།  སྤྱི་ལོ ༢༠༢༢ ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་འཚོག་བྱེད་རྒྱུ་རེད་ལ།  ལོ་འདི་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགོ་ཚུགས་ལོ་ཡང་རེད།  རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁག་བགོས་ཏང་ཙུའུ་ཡིས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་།  རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ།  དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་བྱས་ཏེ་དོན་གཉེར་བྱ་ཐབས་ཐོག་ནས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་འགན་ཁག་དོན་འཁྱོལ་ཐུབ་པ་བྱེད་དགོས་པ།  བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་བསམ་བློ་ཆབ་སྲིད་ལས་ཀར་དམ་འཛིན་བྱེད་པ།  གཏན་འཁེལ་གཉིས་སྲུང་སྐྱོང་ཏན་ཏིག་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ།  ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་གི་འགན་འཁྲི་ནན་པོ་དཀྲིས་བ།  གཙོ་འགན་གཙོ་ལས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་སྲིད་གྲོས་ཀྱི་འགན་སྒྲུབ་ཞབས་ཞུ་མཉམ་འདྲེས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ།  འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱབ་སྟེ་ཏང་འཛུགས་སྐྱོང་གི་ལས་འགན་ཁག་ཞིབ་ཕྲ་དང་གཏིང་ཟབ།  ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་དམ་འཛིན་བྱས་ཏེ་སྲིད་གྲོས་ཏང་འཛུགས་སྐྱོང་གི་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད།

ལེ་ཀུའེ་ལུང་དང་བསོད་ནམས་རིག་འཛིན།  པད་མ་དབང་འདུས།  ཝང་ཡ་ལིན།  སྒྲོལ་དཀར།  བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཕེབས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]