ལྷ་ས་གྲོང་ཁྱེར་གྱིས་ད་ལོའི་འཛད་སྤྱོད་སྐུལ་འདེད་ཀྱི་བྱེད་སྒོ་སྤེལ་འགོ་བཙུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-18

བརྟན་པོ་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་ལ་སྐུལ་སྤེལ་དང་དམངས་འཚོར་ཕན་འདོགས་ཡོང་བ་བྱ་ཆེད།  ད་ལོའི་སྤྱི་ཟླ་དང་པོའི་ཚེས ༡༦ ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་འཛད་སྤྱོད་པར་ཁ་ཕྱོགས་པའི་ལོ་གསར་པའི་རེས་སྐོར་དང་པོའི་སྒོ་རྩིས་ཚོང་ཁང་དང་ཟ་བཏུང་ཁང་།  ཚོང་ཁང་ཆེ་མོ་བཅས་ཀྱི་འཛད་སྤྱོད་སྐུལ་འདེད་ཀྱི་བྱེད་སྒོ་སྤེལ་འགོ་བཙུགས་པ་དང་།  འཛད་སྤྱོད་འཛིན་ལོར་གྱི་སྤྱིའི་དངུལ་གྲངས་སྒོར་ཁྲི་ཚོ ༡༥༡༥ ཟིན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་འཛད་སྤྱོད་འཛིན་ལོར་སྤྲོད་པའི་བྱེད་སྒོ་དེ་ཟླ་བ་གསུམ་ཙམ་རྒྱུན་མཐུད་རྒྱུ་ཡིན་པ་དང་།  ཁྱོན་ཁག་ཐེངས་ལྔ་ལ་དབྱེ་ཞིང་ཁག་ཐེངས་རེར་ཉིན་བཅུ་བསྟུད་དེ་འཛིན་ལོར་སྤྲོད་རྒྱུ་ཡིན་པས།  འཛད་སྤྱོད་པས་འཕྲིན་ཕྲན་འཚོལ་བཤེར་བྱེད་ནུས་སྤྱད་དེ་འཛིན་ལོར་ལེན་པའི་བྱ་རིམ་ཆུང་ངུའི་རྩ་གཉིས་རྟགས་རིས་བཤེར་ནས་ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་འཛིན་ལོར་ཞེས་པ་བརྒྱུད་འཛིན་ལོར་ལེན་ཆོག་གི་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]