ལྷོ་ཁ་གྲོང་ཁྱེར་གྱིས་དགུན་དཔྱིད་གཉིས་རིང་གི་གེགས་འགོག་གེགས་སེལ་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་ཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-23

ལྷོ་ཁ་གྲོང་ཁྱེར་གྱིས་ཉེ་ཆར།  དགུན་དཔྱིད་གཉིས་རིང་གེགས་འགོག་གེགས་སེལ་བྱེད་རྒྱུའི་བཀོད་སྒྲིག་ཚོགས་འདུ་ཚོགས་ནས།  རྫོང་ཆུས་ཁག་གི་དགུན་དཔྱིད་གཉིས་རིང་གེགས་འགོག་གེགས་སེལ་གྱི་གྲ་སྒྲིག་ལས་དོན་སྤེལ་ཚུལ་ཉན་པ་དང་།  དགུན་དཔྱིད་གཉིས་རིང་གི་གནམ་གཤིས་གནས་ཚུལ་དང་།  གེགས་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་གསོག་བྱས་ཚུལ།  དེང་སྐབས་ཀྱི་ཐོན་སྐྱེད་བདེ་འཇགས་དང་།  ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སྤེལ་ཚུལ་བཅས་བརྡ་ཁྱབ་བཏང་བ་མ་ཟད།  དགུན་དཔྱིད་གཉིས་རིང་གྲོང་ཁྱེར་དེས་གེགས་འགོག་གེགས་སེལ་བྱེད་རྒྱུའི་ལས་དོན་སླར་ཡང་བཀོད་སྒྲིག་བྱས་པ་རེད། 

ཚོགས་འདུའི་ཐོག  རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།  གེགས་འགོག་གེགས་སེལ་གྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ།  དུས་ཐོག་ཏུ་ཞིབ་འཇུག་བཀོད་སྒྲིག་དང་བཀོད་གཏོང་བཀོད་སྒྲིག  རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་འཐབ་ས་དང་པོར་ལས་ཀ་བཀོད་སྒྲིག་དང་།  འཐབ་ས་དང་པོར་བྱ་ཐབས་དོན་འཁྱོལ།  འཐབ་ས་དང་པོའི་གནད་དོན་ཐག་གཅོད།  འཐབ་ས་དང་པོར་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་པ་དང་སྦྲགས།  གནམ་གཤིས་ལ་དོ་སྣང་ཆེན་པོ་བྱེད་པ་དང་།  དགུན་དཔྱིད་གཉིས་རིང་གི་གངས་སྐྱོན་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ།  ཇུས་གཞི་དང་སྔོན་ཇུས་ཞིབ་ཕྲ་བཟོ་བ།  གེགས་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་གསོག་ནན་ཏན་བྱེད་པ།  མཐའ་མཚམས་དང་མཐོ་གྲང་།  ཐག་རིང་ལུང་ཁུག་བཅས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཚད་མཐོའི་དོ་ཁུར་བྱེད་པ།  མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བཅས་བྱས་ནས།  མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་ཀྱང་བྱས་ཡོད།

ཚོགས་འདུའི་ཐོག  མགོ་མཇུག་གཟབ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ཏེ།  དུས་ཚོད་དང་དུས་བབ་ལ་བསྟུན་ནས་རིམས་ནད་ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་བྱ་ཐབས་ཁག་འཐུས་སྒོ་ཚང་དུ་བཏང་སྟེ།  ལྷོ་ཁ་ནས་འགྲོ་འོང་བྱེད་སའི་ལམ་ཁག་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།  མེ་སྐྱོན་ཡོང་ཁུངས་ལ་དོ་དམ་སྔར་བས་ནན་དུ་བཏང་ནས་གཙོ་གནད་ནགས་ཚལ་དང་རྩྭ་ཐང་གི་དགུན་དུས་མེ་སྐྱོན་བྱུང་ཁུངས་ལ་སྐོར་གཡེང་བྱེད་ཚད་མང་དུ་གཏོང་བ་དང་།  མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་རྩ་བ་ནས་མི་ཐོན་པ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]