ལྷ་རི་རྫོང་གི་ཐོན་ལས་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-26

ཉེ་བའི་ལོའི་ནང་།  ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་ཤང་༼ གྲོང་རྡལ ༽དང་གྲོང་ཚོ༼ སྡེ་ཁུལ ༽ཁག་ནས་རང་ཉིད་ཀྱི་ལེགས་ཆར་བརྟེན་ཏེ་མཉམ་སྡེབ་ཐོན་ལས་གཏོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་གོང་འཕེལ་ཤུགས་ཆེ་བཏང་བས།  དེང་སྐབས་ལྷ་རི་རྫོང་གི་ཐོན་ལས་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད།
ཉེ་བའི་ལོའི་ཚུན་དུ།  ལྷ་རི་རྫོང་ཁོངས་སུ་འབྲི་གཡག་གསོ་སྤེལ་ཐོན་ལས་ཆེ་ཆུང་སྣ་ཚོགས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་།  ལྷ་རི་རྫོང་ཉང་གཡག་གསོ་སྤེལ་རྟེན་གཞིར་བཟོ་པ་ཚོས་གཟན་རྩྭ་དབོར་འདྲེན་དང་།  གཟན་རྩྭ་ཞིབ་འཐག་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད།  རྫོང་དེས་གྲོང་ཚོ་ཁག་གི་འབྲི་གཡག་ཐོན་ལས་ལ་བརྟེན་པ་ཙམ་མ་ཟད་གྲོང་གསེབ་དར་རྒྱས་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་གྱིས་སྲོལ་རྒྱུན་ཐོན་ལས་ཕུད་པའི་ཕྱུག་འགྱུར་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།  རྫོང་དེའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ་དང་བསྟུན་ནས།  མང་ཚོགས་མི་ཉུང་བ་ཞིག་གིས་རླངས་འཁོར་ཉོས་ཡོད་པས་ཨར་རྩ་གྲོང་རྡལ་མཐུན་སྒྲིལ་གྲོང་གསར་ཨུད་གཉིས་ཚན་ཁག་གིས་མཉམ་སྡེབ་རླངས་འཁོར་འཁྲུ་ས་བཙུགས་ཡོད་ལ།  ཡུལ་མི་ཚོའི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ་དང་བསྟུན་ནས།  ལྷ་རི་རྫོང་སྨྲི་ཏི་ཁ་ཤང་ཁྲ་ཚང་གྲོང་ཚོའི་མཉམ་སྡེབ་གཟུགས་པོ་འཁྲུ་ཁང་ཞིག་ཀྱང་བཙུགས་པས་ཚོང་ཧ་ཅང་ཡག་པོ་ཡོད།  
ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  ལྷ་རི་རྫོང་དུ་ཐོན་ལས་རྣམ་གྲངས ༢༧ ཡོད་པ་དེ་དག་ཚང་མ་ལས་མཇུག་སྒྲིལ་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་།  སྤྱིའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་ཚོ ༥༢༤༨ ཟིན་ཞིང་ཁེ་སྤོགས་སྒོར་ཁྲི་ཚོ ༣༧༦༠ བྱུང་བ་དང་།  ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ ༡༢༡ ཡོད་པ་དེ་དག་གི་སྤྱིའི་ཡོང་འབབ་སྒོར་ཁྲི་ཚོ ༡༠༣༨ ཟིན་གྱི་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]