ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལྷ་ས་གོང་དཀར་འབབ་ཐང་གི་ཟོག་སྐྱེལ་ལས་སྒོ་སྔར་རྒྱུན་བཞིན་གཉེར་རྒྱུ་ཡིན་པ་དང་། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ལྟར་རྒྱལ་ཡོངས་ས་གནས་ཁག་ནས་ལྷ་ས་གོང་དཀར་འབབ་ཐང་དུ་འབྱོར་བའི་དངོས་ཟོག་སྤྱི་རྒྱ ༧༠༠༠༠ ཙམ་ཟིན་གྱི་ཡོད་པ་དང་། དེའི་ནང་མཚོ་ཟས་དང་སྔོ་ཚལ། ཤིང་འབྲས་བཅས་སྤྱི་རྒྱ ༡༠༠༠༠ ཙམ་ཟིན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གོང་དཀར་འབབ་ཐང་ཟོག་སྐྱེལ་ས་ཚིགས་ཀྱིས་ལོ་ཧྲིལ་པོར་ངལ་གསོ་མི་རྒྱག་པའི་ཞབས་ཞུའི་འདུ་ཤེས་མུ་མཐུད་ལག་བསྟར་ཏན་ཏིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་དགོས་མཁོ་གང་ལེགས་སྐོང་རྒྱུ་རེད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་ལྷ་ས་གོང་དཀར་འབབ་ཐང་གིས་དངོས་ཟོག་ཀྲོན ༤༠༠༠ སྐྱེལ་འདྲེན་བྱེད་བཟོ་ཡོད་པ་མ་ཟད། གོང་དཀར་འབབ་ཐང་ནས་འཕུར་སྐྱོད་བྱེད་མཁན་གནམ་གྲུ་ཚང་མའི་ནང་དངོས་ཟོག་བླུགས་ཐུབ་རེ་ཡོད་པས་དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཆོད་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་རེད།།