ཉེ་དུས། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཏང་ཙུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནས་ཚུལ་བརྡ་ཁྱབ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཡིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་རེད།
རེན་ཝུའེ་ནས་རིམ་ཁག་སྲིད་གཞུང་ཏང་ཙུའི་ཚན་ཁག་གིས་དམིགས་ཡུལ་གྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོའི་སྒོ་ནས་དམངས་ཀྱི་ཆེད་དུ་བྱ་བ་ཡག་པོ་དང་བྱ་བ་བཟང་པོ་ཏན་ཏིག་སྒྲུབ་དགོས་པ། འགན་འཁུར་བྱས་རྗེས་འཇོག་དགོས་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་མཐོ་བ་དང་ཏང་གཤིས་ཀྱི་བླང་བྱ་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དམ་པ་བཅས་ཀྱི་ཐོག་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།