རང་ལྗོངས་ཀྱིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་ལོ་གསར་གྱི་སྨོན་འདུན་ཞུས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-29

དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར།  རང་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བཞིན་ཡོད།

ལྷ་སའི་བརྒྱ་ཟོག་ཚོང་ཁང་ཆེ་མོའི་ནང་།  ང་ཚོ་ཀྲུང་གོའི་ཕུགས་འདུན་ཞེས་པའི་སྤྱི་ལོ ༢༠༢༢ ལོའི་བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་ཁྱིམ་ཚང་ཁྲི་ཁ་ལོན་པར་ལོ་གསར་ཆ་ཡིག་སྤྲོད་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ།  ཡིག་གཟུགས་མཁས་ཅན ༢༠ ལྷག་ཙམ་གྱིས་གྲོང་མི་མང་ཚོགས་ལ་ལོ་གསར་པའི་སྨོན་ཚིག་མཚོན་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཆ་ཡིག་བྲིས་ནས་སྤྲད་ཡོད།  ཡིག་གཟུགས་མཁས་ཅན་ཞུས་ཧའེ་ཡང་ནས་ད་ཐེངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ལོ་གསར་ཆ་ཡིག་སྤྲོད་པའི་བྱེད་སྒོའི་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།  ང་ཚོས་འཆར་ཉེར་ཡོད་པའི་དཔྱིད་གསར་དུས་ཆེན་ལ་རྣམ་པ་བཟང་པོ་བཏོད་པ་མ་ཟད།  དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་མཚོན་པར་བྱས་ཡོད་ཅེས་གསུངས།

ཟླ་བ་གཅིག་ལྷག་ཙམ་རིང་།  བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་ཚོགས་འདུ་གཉིས་དང་།  མེ་འཁོར་འབབ་ཚུགས།  སྤྱི་བདེ་སོགས་སུ་བསྐྱོད་དེ་ཡིག་གཟུགས་འབྲི་བའི་བྱེད་སྒོ་སྤེལ་ནས་ཡིག་གཟུགས་བརྩམས་ཆོས ༢༥༠༠ ལྷག་ཙམ་སྤྲད་པ་དང་།  ད་ལོའི་སྤྱི་ཟླ་གཉིས་པར་སྡེ་ཁུལ་དང་ཕན་བདེ་ཁང་སོགས་སུ་མུ་མཐུད་ཡིག་གཟུགས་བཅུ་སྤེལ་བྱེད་སྒོ་སྤེལ་རྒྱུ་རེད།  བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་ཡིག་གཟུགས་བཅུ་སྤེལ་བྱེད་སྒོ་ནི་ང་ཚོ་བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་རྒྱུན་རྣམ་ཅན་གྱི་ལས་དོན་ཞིག་རེད་ལ་ང་ཚོའི་སྤུས་རྟགས་རང་བཞིན་གྱི་བྱེད་སྒོ་ཞིག་ཀྱང་རེད།  ཡིག་གཟུགས་མཁས་ཅན་ཚོས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་དུས་སུ་མང་ཚོགས་ལ་ཡིག་གཟུགས་བརྩམས་ཆོས་སྤྲད་དེ་ལོ་གསར་གྱི་སྨོན་འདུན་ཞུས་ཡོད་ཅེས་གསུངས།

ལྷ་ས་གྲོང་ཁྱེར་རབ་གསལ་སྡེ་ཁུལ་ཤར་བཀྲ་སྒོ་རའི་ནང་།  འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་པའི་དཔྱིད་གསར་བསུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས།  གླ་ལེན་གར་འཁྲབ་བྱེད་པ་དང་།  རོལ་རྩེད་རྩེ་བ།  སྨོན་འདུན་ཞུ་བ།  དཔྱིད་གསར་ཆ་ཡིག་འབྲི་བ།  ཐང་ཡོན་ཟ་བ་སོགས་བྱས་ཡོད།  གྲོང་མི་ཀུན་བཟང་ནས་ལོ་འདི་དག་ནང་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་།  ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཚང་མ་ཕན་ཚུན་མཐུན་སྒྲིལ་དང་ཐུན་མོང་ཐོག་ཡར་རྒྱས་ཕྱིན་ཡོད།  རང་རེའི་རླབས་ཆེན་མེས་རྒྱལ་སྔར་བས་མངའ་ཐང་སྟོབས་འབྱོར་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།

དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་དུས་སུ།  རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་འཚམ་འདྲིའི་དངོས་ཟོག་ཉོས་ཏེ་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་དང་མཉམ་ འབྲེལ་ཐོག  ༼ དམངས་ལ་དངོས་དོན་སྒྲུབ། དགེ་རྩས་ཁྱིམ་ཚང་མང་པོར་དྲོ་སྐྱིད་སྦྱིན་ཞེས་པའི་དུས་ཆེན་གསུམ་གྱི་འཚམ་འདྲིའི་བྱེད་སྒོ་སྤེལ་ནས།  གྲོང་ཁུལ་རྙིང་པའི་དབང་པོ་སྐྱོན་ཅན་དང་།  མི་ཧྲེང་རྒན་འཁོགས།  མ་མཐའི་འཚོ་བ་འགན་ལེན་དུད་ཚང་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ ༡༨༦ ལ་འཚམ་འདྲི་བྱས་པ་རེད།

རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་དྲུང་ཆེ་རྣམ་རྒྱལ་སྒྲོལ་དཀར་ནས།  དཀའ་ངལ་ཡོད་པའི་མང་ཚོགས་ཚོར་དགའ་སྤྲོ་འཆམ་མཐུན་གྱི་ལོ་གསར་ཞིག་གཏོང་ཐུབ་པ་དང་།  ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱ་ཆེད་འཚམ་འདྲིའི་བྱེད་སྒོ་དེ་སྤེལ་བ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]