ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་རྒྱུན་འཛིན་བྱེད། ཏང་ཆེད་མི་སྣ་བསྐྱངས་ནས་བྱས་རྗེས་གསར་པ་འཇོག

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-05-12

སྤྱི་ཟླ་ལྔ་པའི་ཚེས ༡༠ ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས།  ལོ་ངོ་ ༡༠༠ ཡི་རིང་གུང་གཞོན་སྡེ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ལང་ཚོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ཁྱོན་ཡོངས་ནས་ཕྱིར་དྲན་གནང་བ་དང་།  གུང་གཞོན་སྡེ་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་མི་རབས་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ།  གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་གྱི་ལོ་རྒྱུས་ཉམས་མྱོང་གསལ་བཤད་གཏིང་ཟབ་གནང་བ་བཅས་བྱས་ནས།  དུས་རབས་གསར་པའི་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

རྒྱ་ཆེའི་གཞོན་ནུ་དང་གཞོན་ནུའི་ལས་དོན་པ་ཚོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་ཀྲུང་དབྱང་གིས་གཞོན་ནུའི་མི་རབས་ལ་བྱམས་བརྩེའི་ཐུགས་ཁུར་དང་གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་འདུས་ཡོད་ལ།  དེ་ནི་གཟིགས་རྒྱང་རིང་བ་དང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཀྱང་ཡོད་པས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ།  བྱ་སྤྱོད་ཐོག་འཁྱོལ་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ལོ་བརྒྱའི་ལོ་རྒྱུས་ལམ་བུ་གཟི་བརྗིད་ཆེ་ལ་ངར་ཤུགས་འཕེལ་བ།

ལོ་ངོ་བརྒྱ་ཡི་རིང་།  ཀྲུང་གོའི་གུང་གཞོན་སྡེ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་ཀྱིས་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་ལྷག་བསམ་ཟོལ་མེད་མངོན་པ་དང་།  མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུར་ལང་ཚོ་སྐྱེས་སུ་འབུལ་བ།  ལོ་རྒྱུས་མདུན་སྐྱོད་ཀྱི་དེབ་ཐེར་ནང་གཟི་བརྗིད་བཀོད་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་གུང་གཞོན་སྡེ་ཚོགས་སྲོལ་གཏོད་མཁན་གྱི་གྲས་ཤིག་ཡིན་པའི་ཡུས་ཤིའུ་སུང་གི་རྗེས་རབས་པ་ཡུས་མིན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་།  རྒན་རབས་ཀྱི་ཤུགས་རྐྱེན་འོག་ཡུས་མིན་གྱིས་དུས་རབས་གོང་མའི་ལོ་རབས ༨༠ པར་གུང་གཞོན་སྡེ་ཚོགས་ཧྲང་ཧའེ་གྲོང་ཨུད་ཁོངས་གཏོགས་ཀྱི་གྲོང་ཁྱེར་གཞོན་ནུའི་ཕོ་བྲང་དུ་ལས་ཀར་འགྲོ་རྒྱུའི་གདམ་ག་བྱས།  ད་ལྟ་རྒན་ཡོལ་ཞུས་ཀྱང་ཁོང་གིས་སྔར་བཞིན་གཞོན་ནུ་ལོ་ཆུང་གི་ཏང་དང་སྡེ་ཚོགས་ཀྱི་ལོ་རྒྱུས་སློབ་གསོར་གཞོལ་བཞིན་ཡོད།

ཡུས་མིན་ནས་སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གཅིག་པ་མིན་རུང་ལང་ཚོ་གཅིག་རྒྱུན་གཅིག་འཛིན་བྱེད་དགོས་ཞེས་གསུངས་ཡོད།  དེང་རབས་ཀྱི་གཞོན་ནུ་ཚོས་ལོ་བརྒྱའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་ཡག་པོ་བྱས་ཏེ།  རང་ཉིད་ཀྱི་ལས་དབང་དང་མི་རིགས་ཧྲིལ་པོའི་ལས་དབང་ཟུང་འབྲེལ་དམ་ཟབ་ཀྱིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འགྲོགས་ཏེ་རྒྱལ་ཁབ་དེ་བས་སྟོབས་ཆེར་གཏོང་དགོས་ཞེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་གུང་གཞོན་སྡེ་ཚོགས་ཀྱི་ལོ་བརྒྱའི་རྩ་ཆེའི་ཉམས་མྱོང་དང་པོར་བརྩི་དགོས་ཞེས་གསུངས་ཡོད།

ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་པེ་ཅིང་ཞེ་ཧོ་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་དང་གཞོན་ནུ་ལས་དོན་པུའི་པུའུ་ཀྲང་ཝུའུ་ནན་ནས།  ཀྲུང་གོའི་གུང་གཞོན་སྡེ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱས་ཡོད།  དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ངས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

གཞོན་ནུ་མཐུན་སྒྲིལ་སྒྲིག་འཛུགས་དང་སྐུལ་སློང་བྱེད་པ། 

རིན་བྲལ་གྱི་ལང་ཚོར་ཕུགས་བསམ་དང་དད་སེམས་བརྟན་པོ་དགོས།  མཐོ་སློབ་ཀྱི་སྡེ་ཚོགས་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་གུང་གཞོན་སྡེ་ཚོགས་ཀྱིས་རྒྱ་ཆེའི་གཞོན་ནུ་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འཇོན་ཐང་ངོམ་པ་དང་བྱས་རྗེས་འཇོག་པའི་གཡུལ་ས་གཙོ་བོར་བརྩི་གི་ཡོད་པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་རྩིས་འཁོར་སློབ་གླིང་གི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཅི་ཡུན་ནས།  ངས་སྤྱི་ཁྱབ་ཧྲུའུ་ཅིས་གུང་གཞོན་སྡེ་ཚོགས་ལ་བཏོན་གནང་བའི་ཐུགས་རེ་བློ་ལ་བརྟན་པོར་ངེས་ཏེ་སློབ་སྦྱོང་གི་ཐབས་ལམ་དང་གཞི་རྟེན་གསར་གཏོད་བྱས་ནས་སློབ་མས་གུང་གཞོན་སྡེ་ཚོགས་ཀྱི་ལོ་རྒྱུས་ཤེས་པ་དང་གུང་གཞོན་སྡེ་ཚོགས་ཀྱི་བརྩེ་སེམས་རྟོགས་པའི་སློབ་གསོའི་ཁྲོད་ཏང་གི་རྗེས་སུ་འབྲང་བའི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་ཁྲིད་སྟོན་བྱས་ནས་གཞོན་ནུ་ཚོ་ཏང་གི་རྗེས་སུ་འབྲང་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

གུང་གཞོན་སྡེ་ཚོགས་ངོས་ནས་བརྗོད་ན།  གཞོན་ནུའི་རྩ་འཛུགས་གང་འདྲ་ཞིག་འཛུགས་པ་དང་གཞོན་ནུའི་རྩ་འཛུགས་འཛུགས་སྐྱོང་ཇི་ལྟར་བྱེད་པ་ནི་རྩ་བར་ཐུག་པའི་གནད་དོན་གལ་ཆེན་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་གཞོན་སྡེ་ཚོགས་ཀྱིས་རང་ངོས་གསར་བརྗེ་བྱེད་ཕོད་ཚེ་གཞི་ནས་དུས་རབས་མདུན་སྐྱོད་དང་།  གཞོན་ནུའི་འཕེལ་རྒྱས།  ལག་ལེན་གསར་གཏོད་བཅས་ཀྱི་རྗེས་སྙེག་ཐུབ་ཅེས་གསུངས་ཡོད།

གུང་གཞོན་སྡེ་ཚོགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འགོ་འཛུགས་ས་གསར་པའི་ཐོག་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་དང་བྱེད་ཐབས་དང་རང་རྟོགས་ངང་བསྡུར་ཏེ་ཕྱོགས་ཡོངས་ནས་གུང་གཞོན་སྡེ་ཚོགས་ནན་པོས་སྐྱོང་བར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གུང་གཞོན་སྡེ་ཚོགས་ཧའར་པིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ནཱ་ཡིས་བརྗོད་ཅིང་།  ཁོང་གིས་མ་འོངས་པར་སྡེ་ཚོགས་ལ་དོ་དམ་དང་སྡེ་ཚོགས་བཅོས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས་རྩ་དོན་མཐའ་འཁྱོངས་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ལྷག་བསམ་རྣམ་དག་དང་སྤྱོད་གཙང་།  འགན་འཁུར་ཕོད་པ་བཅས་ཀྱི་སྡེ་ཚོགས་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ལང་ཚོར་བརྟེན་ནས་རླབས་ཆེའི་དུས་རབས་ལ་བྱས་རྗེས་འཇོག་པ།

ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ཞིག་ཡིན་པས་དེང་རབས་གཞོན་ནུ་ཚོས་མི་རིགས་བསྐྱར་དར་ཡོང་བའི་འགྲན་ལམ་ཐོག་དཔའ་ངར་ཆེན་པོས་མདུན་དུ་སླེབས་པའི་བརྩོན་ལེན་བྱེད་དགོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུའི་ཚོགས་སྤྱིར་བརྗིད་ཆེའི་ཕུགས་བསམ་དོན་གཉེར་བྱེད་མཁན་ཞིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་ཐོས་རྗེས།  ཚོགས་རར་ཡོད་པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཞིབ་འཇུག་ཁང་ལྔ་པའི་སྤྱིའི་ཇུས་འགོད་པུའི་བཟོ་དབྱིབས་སྤྱི་ཁྱབ་ཇུས་འགོད་ཆེ་མོ་གཞོན་པ་ཧོང་ཀྲེན་ལ་སེམས་འགུལ་ཆེན་པོ་ཐེབས།

དེ་རིང་ཐོ་རེངས་སུ།  རྒྱང་སྐྱོད་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་མཁའ་གྲུ་བཞི་པའི་ཟོག་འདྲེན་འཕུར་གྲུ་མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་ཏེ།  ཀྲུང་གོའི་བར་སྣང་ས་ཚིགས་སྐྲུན་པའི་དུས་མཚམས་འགོ་བཙུགས་ཡོད།  དུས་རབས་ལས་ང་ཚོ་དེང་རབས་འཇིག་རྟེན་འཕུར་སྐྱོད་གཞོན་ནུ་ཚོར་མཁའ་དབྱིངས་སུ་བསྐྱོད་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བའི་གར་སྟེགས་ཆེན་པོ་བསྐྲུན་ཡོད་ན་གཞོན་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ལས་དོན་པས་འཇིག་རྟེན་འཕུར་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན་ཞེས་ཧོང་ཀྲེན་གྱིས་བརྗོད།

འབད་འཐབ་ནི་ལང་ཚོའི་གདིང་གཞི་བཀྲག་མདངས་ཆེ་ཤོས་དང་།  བྱ་སྤྱོད་ནི་གཞོན་ནུའི་ཞུན་བརྡར་གོ་ཆོད་ཤོས་དེ་རེད།

ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་ཀྲུང་གོ་རླངས་འཁོར་བཟོ་གྲྭ་དང་པོའི་ཞིབ་སྤེལ་སྤྱི་ཁྱབ་ཁང་བཟོ་ཚོད་སུའོ་ལས་སྣོན་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་དབྱང་ཡུང་ཤིའུ་ནས།  སྤྱི་ཁྱབ་ཧྲུའུ་ཅིས་ཡར་རྒྱས་དོན་གཉེར་བྱེད་པ་ནི་གཞོན་ནུ་ཚོར་ལྡན་པའི་ཁྱད་ཆོས་རྩ་ཆེ་ཤོས་ཤིག་ཡིན་ལ་ཏང་དང་མི་དམངས་ཀྱི་རེ་བ་ཆེ་ཤོས་ཀྱང་རེད་ཅེས་བསྟན་གནང་ཡོད།  ཀྲུང་གོའི་རླངས་འཁོར་བཟོ་ལས་རང་བརྟེན་ཞིབ་སྤེལ་གྱི་འཐབ་ས་དང་པོའི་གཞོན་ནུ་བཟོ་པ་ཞིག་ཡིན་པའི་ངས་དཀའ་སྤྱད་འབད་བརྩོན་གྱིས་བརྩོན་ཞིབ་བྱས་ནས་རྩལ་ནུས་ཡག་པོ་སྦྱངས་ཏེ་བཟོ་སྐྲུན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]