ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་། རྒྱལ་གཅེས་དང་ཡར་ཐོན། དམངས་གཙོ། ཚན་རིག་བཅས་ལྟེ་བར་བྱེད་པའི་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བ། གུང་གཞོན་སྡེ་ཚོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ། རྒྱ་ཆེའི་སློབ་མ་ཚོས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་འཆང་བར་སྔར་བས་ཁྲིད་སྟོན་བཅས་བྱ་ཆེད། སྤྱི་ཟླ་ལྔ་པའི་ཚེས ༡༠ ཉིན་ལྷ་ས་སློབ་འབྲིང་གིས་དགེ་སློབ་སྐུལ་སློང་ཧུར་ཐག་བྱས་ནས། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བའི་ཚོགས་ཆེན་གྱི་ཐད་གཏོང་གནས་ཚུལ་གཟབ་རྒྱས་བལྟས་པ་དང་འབྲེལ་སློབ་མ་ཚོ་སྒྲིག་འཛུགས་བྱས་ནས་སྡེ་ཚོགས་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་པ་རེད།།