རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དུས་ཚོད་གཏན་འཁེལ་འདུག

ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་སྐོང་འཚོག་བྱ་རྒྱུའི་དུས་ཚོད་གཏན་འབེབས་ལ་བརྡས་ཐག་བཅད་པ་བརྒྱུད་གྲོས་འཆམ་བྱུང་ཡོད།  གཏན་འབེབས་གཞིར་བཟུང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ལོ ༢༠༢༠ ལོའི་ཟླ་ལྔ་པའི་ཚེས ༢༢ ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་ལྔ་པ་པེ་ཅིང་དུ་འཚོགས་ཤིང་།  ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ལོ ༢༠༢༠ ལོའི་སྤྱི་ཟླ་ལྔ་པའི་ཚེས ༢༡ ཉིན་པེ་ཅིང་དུ་སྐོང་འཚོག་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]