ད་ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་བཅོས་སྒྲིག་འདི་ལྟར་བྱས་འདུག

ཡོང་ཁུངས།   ཀྲུང་དབྱང་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཀྲང་གཡས་སུད་ཀྱིས་ཉེ་དུས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་འབྲེལ་ཡོད་ལས་དོན་ཐད་ཀྱི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ངོ་སྤྲོད་གནང་བར་གཞིགས་ན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ཟླ་ལྔ་པའི་ཚེས ༢༢ ཉིན་པེ་ཅིང་དུ་འཚོག་རྒྱུ་དང་།  ཚོགས་ཆེན་གསར་འགྱུར་ལྟེ་གནས་སུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ ༣༠༠༠ ལྷག་ཙམ་གྱིས་ཕུལ་བའི་ཚོགས་ཆེན་ལ་བཅར་འདྲི་ཞུ་རྒྱུའི་རེ་ཞུ་ཡང་འབྱོར་ཡོད།  ནད་ཡམས་འགོག་ཟོན་ནུས་ལྡན་དང་ཐུན་མོང་ཐོག་སྤྱི་པའི་འཕྲོད་བསྟེན་དང་བདེ་ཐང་སྲུང་སྐྱོང་བྱ་ཆེད།  ད་ལོའི་ཚོགས་ཆེན་གྱི་བཀོད་སྒྲིག་ཐད་བཅོས་སྒྲིག་བྱ་རྒྱུ་གཤམ་གསལ།
ཚོགས་འདུའི་དུས་ཚོད་འོས་འཚམས་ངང་ཐུང་དུ་བཏང་སྟེ།  ཞིབ་ཕྲའི་གྲོས་རིམ་དང་ཉིན་རེའི་ལས་རིམ་ལ་ཁག་སོ་སོར་ཚོགས་འདུ་དངོས་གཞི་མ་འཚོག་གོང་གི་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱ་རྒྱུ།
པེ་ཅིང་དུ་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཁག་ཅིག་གདན་ཞུ་བྱེད་པ་ལས། གནས་སྐབས་ཕྱི་རྒྱལ་ནས་གསར་འགོད་པ་ཐད་ཀར་པེ་ཅིང་དུ་གདན་ཞུ་བྱེད་རྒྱུ་མིན།
གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་ཚོགས་འདུ།  འཐུས་མིའི་བགྲོད་ལམ།  པུའུ་ཀྲང་གི་བགྲོད་ལམ་སོགས་བཅར་འདྲིའི་བྱེད་སྒོ་མཁོ་བསྡུས་འོས་འཚམས་དང་རྣམ་པ་གསར་གཏོད་བྱས་ཐོག་བརྙན་ལམ་གྱི་བྱ་ཐབས་སྤྱད་དེ་སྤེལ་གཏོང་བྱ་རྒྱུ།
ཀྲང་གཡས་སུད་ནས། 
ཚང་འཛོམས་གྲོས་ཚོགས་འཚོག་སྐབས་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་ཚོགས་འདུར་ཟུར་ཞུགས་གདན་ཞུ་དང་།  པེ་ཅིང་དུ་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཁག་ཅིག་མི་དམངས་ཚོགས་ཁང་ཆེ་མོར་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པར་གདན་ཞུ་བྱ་རྒྱུ་ཡིན།  རིམས་ནད་དེས་རྐྱེན་པས་ད་ལོ་འཐུས་མི་ཚོགས་པ་ཁག་གིས་ཚོགས་པའི་སྒོ་དབྱེ་དང་གཅིག་སྡུད་བཅར་འདྲི་དང་ལེན་གྱི་བྱེད་སྒོ་བཀོད་སྒྲིག་བྱས་མེད།  སྨྱན་སྦྱོར་ཚན་པ་དང་སྤྱི་ཚོགས་ཐོག་དོ་ཁུར་བྱེད་པའི་གནད་དོན་ཁག་ལ་ལན་སྤྲོད་ཧུར་ཐག་བྱ་ཆེད།  འཐུས་མི་ཚོགས་པ་ཁག་གིས་ད་ལོ་གསར་འགྱུར་མགྲིན་ཚབ་པ་བཀོད་སྒྲིག་བྱས་ནས།  ཚོགས་པ་དེའི་ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་དང་།  འཐུས་མི་ཚོགས་པའི་གསར་འགྱུར་འབྲེལ་གཏུགས་པས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་གཞོགས་འདེགས་ཧུར་ཐག་བྱས་ཏེ་བཅའ་འདྲིའི་ཁུངས་སྣེ་མཁོ་འདོན་བྱ་རྒྱུ།  ཚོགས་ཆེན་ཐོག་འཐུས་མིར་བཅར་འདྲི་དང་ལེན་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་བྱས་ཏེ།  འཐུས་མིའི་སྡོད་གནས་སུ་བརྙན་ལམ་བཅར་འདྲི་ཁང་བཙུགས་ནས།  འཐུས་མིས་བཅར་འདྲི་དང་ལེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་བཅས་ཡིན་ཞེས་གསུངས།
ཀྲང་གཡས་སུད་ནས།  ང་ཚོས་ཚོགས་ཆེན་གསར་འགྱུར་ལྟེ་གནས་ཀྱི་དྲ་ངོས་སྟེང་ཚོགས་འདུའི་ཉིན་རེའི་ལས་རིམ་དང་གྲོས་རིམ།  བྱེད་སྒོའི་བཀོད་སྒྲིག་བཅས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་རྒྱུ་མ་ཟད།  ཚོགས་འདུའི་ཡིག་ཆ་གཙོ་བོ་དང་འབྲེལ་ཡོད་ཡིག་ཆ་ཁག་རྒྱ་ཡིག་དང་ཕྱི་རྒྱལ་ཡིག་རིགས་ཐོག་ནས་མཁོ་འདོན་ཡང་བྱ་རྒྱུ་ཡིན་ཞེས་གསུངས།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]