རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་གོ་ལ་ཡོངས་ཀྱི་ཨང་དང་པོར་སླེབས།

ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དྲུག་པའི་ཚེས ༡༣ ཉིན་ནི་རང་རྒྱལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཐེངས་བཞི་པ་དེ་ཡིན་ཞིང་།  གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  རང་རྒྱལ་འདི་ཉིད་སྤྱི་ལོ ༡༩༨༥ ལོར་འཛམ་གླིང་ཤུལ་བཞག་སྤྱི་ཆིངས་ཅེས་པའི་ནང་ཞུགས་ཚུན།  འཛམ་གླིང་ཤུལ་བཞག་ཁག ༥༥ ཡིག་ཐོག་སྙན་ཞུ་ཕུལ་བ་ལེགས་སྒྲུབ་བྱུང་བ་དང་།  དེའི་ནང་རིག་གནས་ཤུལ་བཞག ༣༧ དང་རང་བྱུང་ཤུལ་བཞག ༡༤ རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག ༤ ཚུད་ཡོད།
རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་གི་བསྡོམས་འབོར་དང་རང་བྱུང་ཤུལ་བཞག་དང་རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་གི་གྲངས་འབོར་འཛམ་གླིང་ཐོག་གི་ཨང་དང་པོར་སླེབས་ཡོད་པ་དང་།  ཉེ་བའི་ལོའི་རིང་གོ་ལ་ཧྲིལ་པོའི་འཛམ་གླིང་ཤུལ་བཞག་གྲངས་འབོར་མང་དུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]