རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱིས་གོ་རིམ་ལྟར་ཉིང་སྐྱུར་བརྟག་དཔྱད་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུ།

ཡོང་ཁུངས།   མི་དམངས་ཉིན་རིའེ་ཚགས་པར།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་གཞུང་དོན་ཁང་གིསཏོག་དབྱིབས་ནད་དུག་གསར་པའི་བརྟག་དཔྱད་ནུས་པ་སྔར་བས་ཆེ་རུ་གཏོང་བའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་ནས།  ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་དགོས་མཁོ་དང་ས་གནས་དེ་རང་གི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་གཏོང་སྤྲོད་ནུས་པ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཐོག་བསམ་བློ་གཏོང་བའི་རྨང་གཞིའི་ཐོག  གོ་རིམ་ལྟར་ཏོག་དབྱིབས་ནད་དུག་གསར་པར་དམིགས་པའི་ཉིང་སྐྱུར་དང་དུག་སྲིན་འགོག་རྫས་བརྟག་དཔྱད་ཀྱི་རྣམ་གྲངས་དང་།  འབྲེལ་ཡོད་གྲོན་རྫས་བཅས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་གྱི་ནད་བརྟག་སྨན་བཅོས་ཀྱི་རྣམ་གྲངས་དཀར་ཆག་ནང་འཇུག་རྒྱུ་དང་འབྲེལ་དུས་གཅིག་ཏུ་གཏོང་སྤྲོད་ཆ་རྐྱེན་གཏན་འཁེལ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]