རང་རྒྱལ་ནས་བྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཁེ་བྱང་ས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་སྟེ།  བྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་གནང་བ་རེད།  སྲོལ་ཡིག་དེ་སྤྱི་ལོ ༢༠༢༡ ལོའི་ཟླ་དང་པོའི་ཚེས ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོན་རྫས་སྤུས་ཚད་ཀྱི་ལྟ་འདོམས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་།  བྱུག་རྫས་ནི་མི་དམངས་ཀྱི་མཛེས་བཟོའི་དགོས་མཁོ་སྐོང་བའི་འཛད་སྤྱོད་དངོས་རྫས་ཤིག་ཡིན་ཞིང་།  སྤུས་ཚད་ལེགས་མིན་དེ་ཐད་ཀར་མི་དམངས་མང་ཚོགས་ཚོའི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོའི་རིང་།  རང་རྒྱལ་གྱི་བྱུག་རྫས་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་ཆབས་ཅིག་ཁྲོམ་རའི་གཞི་ཁྱོན་ཡང་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས།  དེས་དཔལ་འབྱོར་འཕེལ་རྒྱས་དང་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་དང་ཆབས་ཅིག  གནས་ཚུལ་གསར་པ་དང་གནད་དོན་གསར་པ་འགའ་ཞིག་ཀྱང་ཐོན་ཡོད་པས།  སྤྱི་ལོ ༡༩༨༩ ལོར་བཟོས་པའིབྱུག་རྫས་ཀྱི་འཕྲོད་བསྟེན་ལྟ་སྐུལ་སྲོལ་ཡིག་ཞེས་པ་ལ་ཕྱོགས་ཡོངས་ནས་བཟོ་བཅོས་རྒྱག་པའི་དགོས་པ་ཆེ་བསབྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག་ཞེས་པ་འདི་གསར་པ་བཟོས་པ་རེད། སྲོལ་ཡིགའདིར་ཁྱོན་ལེའུ་དྲུག་དང་དོན་ཚན ༨༠ ཡོད་ཅིང་།  ཕྱོགས་བཞི་ཡི་ཐོག་ནས་བྱུག་རྫས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་དང་དེ་བཞིན་དེའི་ལྟ་སྐུལ་དོ་དམ་ཚད་ལྡན་བཟོས་ཡོད།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]