ལོ་མཇུག་གོང་རྒྱལ་ཡོངས་སུ་ཞིང་ཆེན་སྒྲོལ་ནས་ཐེམ་ཐོའི་ལས་སྒོ་ཁག༦གཉེར་སྒྲུབ་ཐུབ།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-05-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༡༠ ཉིན་འཚོགས་པའི་སྤྱི་བདེ་པུའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོའི་ལོ་མཇུག་གོང་དུ།  རྒྱལ་ཡོངས་སུ་ཞིང་ཆེན་སྒྲོལ་ནས་ཐེམ་ཐོའི་ལས་སྒོ་ཁག ༦ གཉེར་སྒྲུབ་ཐུབ་ཀྱི་ཡོད་པ་དང་།  དེ་དག་ནི་ཐེམ་ཐོའི་རིགས་ཀྱི་དཔང་ཡིག་རེ་ཞུ་དང་།  ལས་འགྱུར་ཐེམ་ཐོ་སྤོ་འགྱུར།  སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་ཚུད་པའི་ཐེམ་ཐོ་སྤོ་འགྱུར། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་རྗེས་ཐེམ་ཐོ་སྤོ་འགྱུར།  བཟའ་ཟླ་མཉམ་སྒྲིལ་གྱི་ཐེམ་ཐོ་སྤོ་འགྱུར།  ཕ་མའི་ཐེམ་ཐོ་བུ་ཕྲུག་ཡོད་སར་སྤོ་འགྱུར་བྱེད་པ་བཅས་ཡིན།  ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་གོང་།  གོང་གི་ཐེམ་ཐོའི་རིགས་ཀྱི་དཔང་ཡིག་རེ་ཞུ་དང་ཐེམ་ཐོ་སྤོ་འགྱུར་གྱི་ལས་སྒོ་དག་སྤྱི་བདེ་པུས་ས་གནས་ཁག་ཅིག་ཏུ་སྔོན་ལ་ཚོད་ལྟ་བྱ་རྒྱུ་དང་།  ཉམས་མྱོང་ཕྱོགས་བསྡོམས་བྱས་རྗེས་རིམ་བཞིན་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད།

སྤྱི་བདེ་པུའུ་བདེ་འཇགས་བཅོས་སྐྱོང་དོ་དམ་ཅུད་ཀྱིས་དེ་དང་ཆབས་ཅིག  ཡུལ་གཞན་ནས་ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་བཟོ་རྒྱུ་དང་།  གྲོང་མིའི་ཐོབ་ཐང་ལག་འཁྱེར་ཐོག་མ་ཡུལ་གཞན་དུ་གཉེར་སྒྲུབ་རེ་ཞུ་བྱེད་པའི་རྒྱུན་དུ་མཐོང་མང་བའི་སྲིད་དོན་ཞབས་ཞུ་ཁག་གཉིས་ཀྱང་།  ཞིང་ཆེན་སྒྲོལ་ནས་གཉེར་སྒྲུབ་བྱེད་པའི་ཚོད་ལྟའི་ལས་དོན་ལོའི་ནང་སྤེལ་རྒྱུ་རེད།།

  ༼  ཡིག་བསྒྱུར་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]