ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་ལ་གཟིགས་སྐོར་གནང་།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-06-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་བློ་མཐུན་ཚོས།  སྐྲུན་ཟིན་མ་ཐག་པའི་བརྗིད་ཆེའི་ཨར་སྐྲུན་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ཕེབས་ནས།  གཟིགས་སྐོར་གནང་བ་དང་སྦྲགས་ཏང་གི་ལོ་བརྒྱའི་འབད་འཐབ་ལམ་བུར་མྱོང་རོལ་ཡང་གཏིང་ཟབ་གནང་བ་རེད། 

སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨིད་ངོས་གྲུ་ཁྲི ༡༤.༧ ཟིན་པའི་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དེ་ནི།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་ཐག་བཅད་གནང་ཐོག་ཆོག་མཆན་གནང་སྟེ་སྐྲུན་པ་ཞིག་ཡིན་ལ།  ད་ཐེངས་ཀྱི་ཏང་གི་ལོ་རྒྱུས་འགྲེམས་སྟོན་དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མའི་ཐུགས་ཁུར་འོགགཉེར་བ་ཞིག་ཀྱང་ཡིན།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་བཟང་སླེབས་ལ་ཉེ་བའི་མཚམས་འདིར།  རང་རེའི་ཏང་ལ་ཏན་འཇགས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ལྡན་པའི་ཏང་གི་ལོ་རྒྱུས་འགྲེམས་ཁང་ཞིག་གསར་དུ་བྱུང་བ་དང་།  དེས་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་འཕེལ་རིམ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོ།  ལོ་རྒྱུས་སྙན་རྩོམ་ཇི་བཞིན་དུ་ཁ་གསལ་པོར་ཐེངས་དང་པོ་མངོན་ཡོད

འགྲེམས་ཁང་ནང་པར་རིས ༢༦༠༠ ལྷག་ཙམ་དང་རིག་དངོས་ཆ་སྒྲིག ༣༥༠༠ ལྷག་ཙམ་སྒྲིག་གཤོམ་བྱས་ཡོད་པ་དེའི་ཐོག་ནས།  རང་རེའི་ཏང་གིས་འབད་འཐབ་ལྷོད་མེད་བྱས་པ་དང་རང་སྲོག་བློས་གཏོང་བྱས་པ།  རིག་པའི་གཞུང་ལུགས་འཚོལ་ཞིབ་བྱས་པ།  དམངས་ལ་བདེ་སྐྱིད་སྐྲུན་པ།  རང་ངོས་འཛུགས་སྐྲུན་བྱས་པ་བཅས་ཀྱི་ལོ་རྒྱུས་མངོན་གསུམ་འཁྲུལ་མེད་དུ་མངོན་པར་བྱས་ཡོད།

གཟིགས་སྐོར་མཇུག་སྒྲིལ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བཅས་པའི་ཀྲུང་དབྱང་དབུ་ཁྲིད་བློ་མཐུན་ཚོས།  ཏང་དར་ལ་ཁ་ཕྱོགས་ནས་སླར་ཡང་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་གནང་བ་རེད

 

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]