ལྔ་གཅིག་རིང་རང་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར༡.༠༡ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རགས་རྩིས་ལྟར་ན་སྤྱི་ལོ ༢༠༢༠ ལོའི་ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་།  རང་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར ༡.༠༡ ཟིན་པའི་ནང་དངོས་གཟུགས་རྣམ་པའི་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་ཁྲི་ཚོ ༦༧༠༠ ཟིན་པ་དེས་སྤྱི་ཡོངས་དྲ་ཐོག་སིལ་ཚོང་གྲངས་འབོར་བསྡུར་གྲངས་ཀྱི་བརྒྱ་ཆ ༦༦.༤༤ ཟིན་པ་དང་ཆབས་ཅིག  ཞབས་ཞུ་རྣམ་པའི་གློག་རྡུལ་ཚོང་དོན་གྱི་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་ཁྲི་ཚོ ༣༤༠༠ ཟིན་ཞིང་།  ཉིན་རེའི་ཞབས་ཞུའི་རྣམ་པའི་དྲ་ཐོག་སྲིལ་ཚོང་བྱེད་ཚད་སྒོར་ཁྲི་ཚོ ༧༠༠ ཟིན་ནས།  ལྔ་གཅིག་རིང་མི་འགྲོ་འོང་བྱེད་ཚད་དེ་དུར་མཆོད་ཉིན་མོ་ལས་ལྡབ ༢.༧ གྱིས་མང་བ་ཡོད།

ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་།  ཚོང་དོན་པུའུ་དང་བཟོ་འཕྲིན་པུའུ།  རྒྱལ་ཁབ་སྦྲག་སྲིད་ཅུད།  ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་བཅས་ནས་ཐུན་མོང་ཐོག་གཉེར་བའི་སྤུས་རྟགས་གཉིས་ཀྱི་ཉོ་སྒྲུབ་དུས་ཆེན་སྐབས་གཉིས་པའི་བྱེད་སྒོའི་ནང་རང་ལྗོངས་ཀྱིས་ཧུར་ཐག་ཞུགས་པ་མ་ཟད།  བྱེད་སྒོའི་ནང་གློག་རྡུལ་ཚོང་དོན་ཁེ་ལས་གཉིས་ཞུགས་རྒྱུར་སྒྲིག་འཛུགས་ཀྱང་བྱས་ཡོད།  བྱེད་སྒོ་དེས་ལྗོངས་ནང་ཁུལ་གྱི་མཁོ་སྒྲུབ་ཚོང་དུད ༥༠ ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ།  སྤུས་རྟགས ༢༠ ལྷག་ཙམ་དང་ཁྱད་ལྡན་གྱི་ཞིང་ཕན་ཐོན་རྫས ༢༥༣ དྲ་ཐོག་སོགས་ནས་བྲིན་ཚོང་བྱས་པ་དང་།  ཁྱད་ལྡན་ཞིང་ཞོར་ཐོན་རྫས་རྒྱ་མ་ཁྲི་ཚོ ༥༠ བྲིན་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི་ཚོ ༥༦༡ ལྷག་ཙམ་ཟིན་ནས་གདེང་འཇོག་ཡག་པོ་ཐོབ་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]