མཚོ་ཆེན་རྫོང་གིས་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་ཤུགས་ཆེ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  མངས་རིས་ས་ཁུལ་མཚོ་ཆེན་རྫོང་གིས་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་པ་བྱེད་པའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་ནས།  འབྲོག་པའི་དཔལ་འབྱོར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  ན་ནིང་ལོ་མཇུག་བར་གློག་རྡུལ་ཚོང་དོན་སྟེགས་བུ་དང་འགྲེམས་ཚོགས་སོགས་བརྒྱུད།  མཚོ་ཆེན་རྫོང་གི་ཐོན་རྫས་བྲིན་ཚོང་བྱེད་ཚད་སྒོར་ཁྲི་ཚོ ༣༡༠༠ ལྷག་ཙམ་ཟིན་ཡོད་པ་དང་ཆབས་ཅིག  གློག་རྡུལ་ཚོང་དོན་གྱི་ཆེད་དོན་སྦྱོང་བརྡར་སྤྲད་དེ་འབྲོག་པ་མང་ཚོགས་ཁྲོད་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞི་སོགས་བཀྲམས་ཏེ།  མང་ཚོགས་ཚོས་གློག་རྡུལ་ཚོང་དོན་ལ་རྒྱུས་མངའ་ལོན་ཚད་དང་བེད་སྤྱོད་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་འབྲོག་པའི་རྒྱུན་གཏན་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]