མངའ་རིས་སུ་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་འགན་སྲུང་མ་དངུལ་ཡོངས་ཁྱབ་བྱུང་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་པ་ལས་མིར་དུས་ཐོག་ཏུ་གླ་ཆ་སྤྲོད་ཐུབ་པ་བྱེད་རྒྱུ་དེ་རྒྱ་ཆེའི་ཞིང་པ་ལས་མི་ཚོའི་ཁེ་ཕན་དང་འབྲེལ་བ་དང་།  ངལ་རྩོལ་གྱི་འབྲེལ་བ།  སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བའི་དམངས་འཚོའི་ལས་གཞི་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ།  གླ་ཆ་ཆད་འགྱངས་བཅོས་སྒྲིག་དང་གླ་ཆ་འགན་སྲུང་གི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཡོད།  དེང་སྐབས་མངའ་རིས་ས་ཁུལ་གྱིས་ས་ཁུལ་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་ཚོ ༢༠༠༠ དང་རྫོང་རིམ་པའི་ནོར་སྲིད་ནས་སྒོར་ཁྲི་ཚོ ༢༠༠ བཏང་སྟེ་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་བཀོད་སྒྲིག་བྱས་པ་དང་།  ས་གནས་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་ཚོ ༡༠༠ བཏོན་ནས་ཞིང་པ་ལས་མིའི་གླ་ཆ་ལེན་པའི་ཁྲིམས་ལུགས་རོགས་སྐྱོབ་ཆེད་དོན་མ་དངུལ་ཐད་བཏང་སྟེ།  ཞིང་པ་ལས་མིའི་གླ་ཆ་འགན་སྲུང་མ་དངུལ་དང་ཕྱོགས་གསུམ་པའི་ཁས་ལེན་ཡི་གེ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད།

ད་ལོའི་སྤྱི་ཟླ་དང་པོ་ནས་ལྔ་པའི་བར་མངའ་རིས་ས་ཁུལ་གྱིས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གྱོད་གཞི ༣༢ ཐག་གཅོད་བྱས་པ་དེ་མི ༤༦༠ དང་མ་དངུལ་སྒོར་ཁྲི་ཚོ ༢༦༤.༣ དང་འབྲེལ་བ་ཡོད་པ་དང་།  ས་ཁུལ་འགྲིམ་འགྲུལ་ཚན་པས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གྱོད་གཞི ༤ ཐག་གཅོད་བྱས་པ་དེ་མི ༡༡ དང་མ་དངུལ་སྒོར་ཁྲི་ཚོ ༣༨.༥ དང་འབྲེལ་བ་ཡོད་ཅིང་གྱོད་གཞི་ཐག་གཅོད་ཐུབ་ཚད་བརྒྱ་ཆ ༡༠༠ ཟིན་ཡོད།

མངའ་རིས་ས་ཁུལ་གྱི་ལས་རིགས་ཁག་གི་གཙོ་འགན་ཚན་པ་ནས་ཨར་སྐྲུན་གྱི་སྤྱི་འགན་ཁེ་ལས་ཚང་མར་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་བཟོ་རྒྱུར་ལྟ་སྐུལ་བྱས་པ་མ་ཟད།  ཆེད་སྤྱོད་རྩིས་ཁྲ་བརྒྱུད་ཐད་དཀར་ཞིང་པ་ལས་མིར་གླ་ཆ་སྤྲད་པ་རེད།  ད་བར་ས་ཁུལ་དེ་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ ༡༠༦ བཟོས་ནས་རིམ་རྩིས་ལྟར་ན་གླ་ཆའི་གཱ ༢༦༨༡ བཟོས་པ་དང་སྒོར་ཁྲི་ཚོ ༡༧༩༢.༦ ཚབ་སྤྲོད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]