གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྡོམ་ཅུད་ཀྱིས་གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱས་པ་དང་།  དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་ཞབས་ཞུ་ནུས་ལྡན་བསྒྲུབས་པ་རེད།  སྤྱི་ལོ ༢༠༢༠ ལོའི་ཟླ ༦ པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་ཁྲི་ཚོ ༣༠ ལྷག་ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་པ་ལས ༦༣༠༠༠ འཕར་ནས་འཕར་ཚད་བརྒྱ་ཆ ༢༢.༤ ཟིན་པ་དང་།  ཐོ་འགོད་མ་རྩ་སྒོར་དུང་ཕྱུར ༡༧༤༤༣ ཟིན་པ་དེ་ན་ནིང་གི་དུས་མཚུངས་པ་ལས་སྒོར་དུང་ཕྱུར ༣༦༢༠ འཕར་ནས་འཕར་ཚད་བརྒྱ་ཆ ༢༦.༢ ཟིན་ཡོད།

ཞིབ་མཆན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བཏང་བའི་ཐད།  རང་ལྗོངས་ཁྲོམ་ར་ལྟ་སྡོམ་ཅུད་ཀྱིས་འཁྲོལ་འཛིན་དང་ལག་འཁྱེར་ལོག་དབྱེའི་བསྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེ་བཏང་ནས་དེང་སྐབས་ལག་འཁྱེར ༣༣ ཟླ་སྒྲིལ་བཏང་བ་རེད།  བཟོ་ལས་ཐོན་རྫས་དང་ཟས་རིགས་ཀྱི་འབྲེལ་ཡོད་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ཀྱི་ཞིབ་མཆན་འགྲོ་ལུགས་སྟབས་བདེ་རུ་བཏང་ནས།  ལག་འཁྱེར་མ་སྤྲོད་གོང་གི་བཟོ་ལས་ཐོན་རྫས་ལ་ཞིབ་བཤེར་བྱེད་མི་དགོས་པ་དང་ཁེ་ལས་གསར་གཉེར་གྱི་དུས་ཚོད་ཐུང་དུ་ཤུགས་ཆེ་བཏང་སྟེ་ལས་ཀའི་ཉིན་མོ་ལྔའི་ནང་ཚུན་དུ་གཉེར་ཐུབ་པ་བྱེད་པ།  དེ་བཞིན་སྤུས་ཚད་འགན་ལེན་གྱི་རྨང་གཞིའི་ཐོག་གཙོ་གནད་བཟོ་ལས་ཐོན་རྫས་ཐོན་སྐྱེད་དང་ཟས་རིགས་གཉེར་སྐྱོང་ཆོག་འཐུས་ཀྱི་ཞིབ་མཆན་འགྲོ་ལུགས་སྔར་བས་སྟབས་བདེ་རུ་བཏང་ནས།  བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཆོག་འཐུས་དུས་ཚོད་དེ་ལས་ཀའི་ཉིན་མོ་ལྔ་བར་ཐུང་དུ་བཏང་བ་དང་ཟས་རིགས་གཉེར་སྐྱོང་ཆོག་འཐུས་དུས་ཚོད་དེ་ལས་ཀའི་ཉིན་མོ་བཅུ་བར་ཐུང་དུ་བཏང་བ་རེད།  དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྡོམ་ཅུད་ནས་ཁེ་ལས་ཀྱི་ཡིད་རྟོན་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་གཅིག་བསྡུས་མཉམ་སྤྱོད་ཀྱི་སྤྱི་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་།  ཁེ་ལས་ཀྱི་ཡིད་རྟོན་བཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད་ཡིད་རྟོན་མེད་མཁན་རིགས་ལ་མཉམ་འབྲེལ་ཆད་གཅོད་བྱེད་ཀྱི་ཡོད་པས།  ཆ་འཕྲིན་མཉམ་སྤྱོད་བྱས་ནས་རྨང་གཞི་བྱེད་པ་དང་ཆ་འཕྲིན་སྤྱི་བསྒྲགས་བྱས་ནས་བྱ་ཐབས་བྱེད་པ།  ཡིད་རྟོན་ལྟ་སྡོམ་བྱས་ནས་ལྟེ་བ་བྱེད་པ་བཅས་ཀྱི་ལྟ་སྡོམ་རྣམ་པ་གསར་པ་ཞིག་རགས་ཙམ་ཆགས་ནས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཐེབས་པ་རེད།

གཞན་ཡང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྡོམ་ཅུད་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་།  རྒྱལ་ཡོངས་ཀྱི་༡༢༣༡༥ཞུ་གཏུག་ཐེར་འདོན་སྟེགས་བུ་དང་སྦྲེལ་མཐུད་ཐུབ་པ་བྱས་ནས།  བོད་ཀྱི་༡༢༣༡༥ཞུ་གཏུག་ཐེར་འདོན་ཁ་པར་བརྒྱུད་ཞུ་གཏུག་དང་ལེན་ཐུབ་པ་དང་རྒྱལ་ཡོངས་ཀྱི་༡༢༣༡༥ཞུ་གཏུག་ཐེར་འདོན་སྟེགས་བུ་ཐོག་གཉེར་སྒྲུབ་ཐུབ་པ་བྱུང་བ་རེད།  ད་ལོའི་ལོ་སྟོད་དུ་རང་སྐྱོང་ལྗོངས་༡༢༣༡༥ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་གྱོད་གཞི་ཁག ༦༠༠༠ ལྷག་ཙམ་བདག་གཉེར་བྱས་པ་དང་།  གྱོད་གཞིའི་རིན་ཐང་སྒོར་ཁྲི་ཚོ ༣༡༢ ཟིན་ནས་འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་ཚོ ༡༧༨ ཚུར་ལེན་ཐུབ་པ་དང་ཆབས་ཅིག  ཚད་གཞི་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཁེ་ལས་ཀྱི་ཚད་ལྡན་ཐོ་འགོད་བསྒྱུར་བཅོས་ཧུར་ཐག་བཏང་ནས།  ཁེ་ལས་ཀྱི་ཐོན་རྫས་དང་ཞབས་ཞུའི་ཚད་གཞིའི་རང་ངོས་གསལ་བསྒྲགས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  ཤེས་རིག་བདག་དབང་སྲུང་སྐྱོབ་ལས་དོན་གཏིང་ཟབ་སྤེལ་ཏེ་ཤེས་རིག་བདག་དབང་ཐོ་འགོད་སྟབས་བདེ་ཅན་དུ་བསྒྱུར་བཅོས་ཤུགས་ཆེ་བཏང་བས།  ཁེ་ལས་དང་གསར་གཏོད་ལས་གཏོད་པར་ཤེས་རིག་བདག་དབང་གི་སྲིད་ཇུས་བློ་འདྲིའི་ཞབས་ཞུ་ཧུར་ཐག་སྒྲུབ་སྟེ་ཁོ་ཚོར་སྟབས་བདེ་ཆེན་པོ་བསྐྲུན་པ།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཧུར་ཐག་བཏང་ཞིང་།  ཁེར་རྐྱང་བཟོ་ཚོང་གི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་སྐུལ་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ།  ཁྲོམ་རའི་བྱེད་པོའི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་ཧུར་ཐག་བྱེད་པ།  ཐོ་འགོད་ཞབས་ཞུ་ལེགས་སུ་བཏང་སྟེ་རྒྱང་བསྟེན་དྲ་ཐོག་བརྒྱུད་ཁྲོམ་རའི་བྱེད་པོར་དྲ་ཐོག་གཉེར་སྒྲུབ་དང་དྲ་ཐོག་ནས་ཞིབ་མཆན་འགོད་པ།  ལག་ཁྱེར་སྤྲོད་པ།  ཆོག་འཐུས་ནར་འགྱངས་སོགས་ཀྱི་ཞབས་ཞུ་སྒྲུབ་པ་བཅས་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]