བོད་ཀྱི་ཞིང་འབྲོག་པ་ཁྲི་ཚོ༤༦.༡སྤོ་འགྱུར་ལས་ཞུགས་ཐུབ་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་ཚོ ༤༦.༡ སྤོ་འགྱུར་ལས་ཞུགས་ཐུབ་ནས་ལོ་འཁོར་མོའི་དམིགས་ཚད་ཀྱི་བརྒྱ་ཆ ༧༦.༨ ལེགས་སྒྲུབ་བྱུང་བ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༥༣.༦ འཕར་ཡོད་པ་དང་།  ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༣༧.༥ བྱུང་བ་དེ་ལོ་འཁོར་མོའི་དམིགས་ཚད་ཀྱི་བརྒྱ་ཆ ༨༥ ལེགས་གྲུབ་ཐུབ་ནས་དུས་མཚུངས་པ་ལས་བརྒྱ་ཆ ༦༡.༤ འཕར་ཡོད་པ་རེད།
ད་ལོའི་ཚུན་དུ་རང་སྐྱོང་ལྗོངས་ནས་ཞིང་འབྲོག་པ་སྒྲིག་འཛུགས་ངང་ས་ཁོངས་སྒྲོལ་བའི་སྤོ་འགྱུར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི་བཟོས་པ་དང་ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་བཅག་ནས།  ཞིང་འབྲོག་པ་སྤོ་འགྱུར་ལས་ཞུགས་ཐུབ་མགྱོགས་སུ་བཏང་སྟེ་ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་བཏོན་ནས་མི་སྒེར་དང་ཁེ་ལས།  ངལ་ནུས་ཕྱིར་གཏོང་ཁྲོམ་རའི་བྱེད་པོ་བཅས་ལ་དེ་མཚུངས་ཀྱི་ལམ་གྲོན་ཁ་གསབ་དང་ལས་ཞུགས་སྐུལ་སྤེལ་བྱ་དགའ།  ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་ཁ་གསབ་རོགས་སྐྱོར་བཅས་སྤྲད་ཡོད་པ་རེད།  ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ལས་ཀའི་སྐུལ་སྤེལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་།  ཁྲོམ་རའི་དགོས་མཁོ་དང་དམ་པོར་བསྟུན་ནས་ལས་སྦྱོང་གཉིས་འཐུས་དང་གུན་གསབ་ལས་སྤྲོད།  མངག་ཐོ་དང་ཚལ་ཐོ།  ལས་ཐོ་བཅས་རྣམ་པའི་སྦྱོང་བརྡར་བརྒྱུད་ཞིང་འབྲོག་པ་སྤོ་འགྱུར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གནད་འཕིགས་བཏང་ནས་ཞིང་འབྲོག་པ་འབབ་འཕར་ཡོང་བ་བྱས་ཡོད་པ་རེད།
དེང་སྐབས་ལྗོངས་ཡོངས་སུ་ངལ་ནུས་ཁྲོམ་རའི་བྱེད་པོ ༣༣༣༢ ནས ༦༧༥༨ བར་འཕེལ་རྒྱས་ཕྱིན་ཡོད་པ་དང་།  ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་།  ཤང་།  གྲོང་ཚོ་བཅས་ལ་ཁྱབ་ཡོད་ཅིང་།  ངལ་ནུས་མངག་གཏོང་ཀུང་སི་དང་ངལ་ནུས་མཉམ་ལས་ཁང་།  ཞོར་ལས་མཉམ་འབྲེལ་རུ་ཁག  ངལ་ནུས་བར་གཉེར་བ་སོགས་ཚུད་ཡོད་པ་དང་།  ཁྱད་ལྡན་ཐོན་ལས་དང་རྣམ་གྲངས་འཛུགས་སྐྲུན།  ཆེད་ལས་མཉམ་ལས་རྩ་འཛུགས་སོགས་ལ་ཁྱབ་པ་དང་ཆབས་ཅིག  རང་ལྗོངས་ཀྱི་ཞིང་འབྲོག་པའི་སྤོ་འགྱུར་ལས་ཞུགས་རྟེན་གཞི ༦༠༠ གང་མགྱོགས་སྐྲུན་བཞིན་ཡོད་པ་དང་།  སྤྱི་ཟླ་བདུན་པའི་ནང་ཚང་མ་སྒོ་བྱང་འགེལ་ཐུབ་པ་བྱས་ཏེ་ཞིང་འབྲོག་པ་རང་ས་རང་ཡུལ་དུ་ལས་ཞུགས་བརྟན་པོ་ཐུབ་པ་བྱེད་རྒྱུ་རེད།  གཞན་ཡང་རང་ལྗོངས་ཀྱིས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་།  གྲོང་ཁྱེར༼ས་ཁུལ༽གྱི་དངོས་སྦྱོང་རྟེན་གཞི།  ལས་རིགས་རྩལ་ནུས་སྦྱོང་བརྡར་ཚན་པ་སོགས་གཞི་ཁྱོན་ཆེ་བའི་ས་ཡུལ་དངོས་ཀྱི་སྦྱོང་བརྡར་དང་དྲ་ཐོག་སྦྱོང་བརྡར།  གནད་འཕིགས་སྦྱོང་བརྡར་བཅས་བརྒྱུད་ཞིང་འབྲོག་པར་སྦྱོང་བརྡར་སྤྲད་རྗེས་ཀྱི་ལས་ཞུགས་དུས་ཚོད་རིང་བ་དང་ངལ་ནུས་ཡོང་འབབ་མང་བ།  ལས་ཞུགས་ཐུབ་ཚད་མཐོ་བ་བཅས་འགན་སྲུང་བྱས་ཡོད་པ་རེད།།
  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]