ཉིང་ཁྲིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-19

བོད་ཞི་བས་བཅིངས་འགྲོལ་བཏང་ཚུན།  ཉིང་ཁྲི་གྲོང་ཁྱེར་གྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་།  ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ།  ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་རྨོ་ཞིང་ལེགས་འགྱུར་བྱས་པ།  སོན་བཟང་ཁྱབ་གདལ་བེད་སྤྱོད་བཏང་ཐོག་སྦྱོང་བརྡར་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་རྩལ་ནུས་ཆེ་རུ་བཏང་བ་བཅས་བྱས་ཡོད།

ཉེ་བའི་ལོའི་རིང་།  ཉིང་ཁྲི་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དང་རིམ་པ་དེ་གའི་ཚན་རྩལ་འཆར་འགོད་རྣམ་གྲངས ༤༦ ལག་བསྟར་བྱས་པར་ཆེད་དོན་མ་དངུལ་སྒོར་ཁྲི་ཚོ ༨༨༤༦ བཏང་བ་དང་།  ཉིང་ཁྲིའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་གོང་འཕེལ་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ཆེད་དོན་མ་དངུལ་སྒོར་ཁྲི་ཚོ ༤༥༠༠ བཏང་བ།  ཁུལ་ཁོངས་ཚན་རྩལ་གསར་གཏོད་ཐད་ཆེད་དོན་མ་དངུལ་སྒོར་ཁྲི་ཚོ ༡༠༠༠ བཏང་བ་བཅས་བྱས་པས།  ཁྱད་ལྡན་ཐོན་ལས་དང་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས།  ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་དཔལ་འབྱོར་སྡེ་ཁག་གཅིག་རིམ་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད། 
སྤྱི་ལོ ༢༠༡༦ ལོའི་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་ཤང་༼ གྲོང་རྡལ ༽༣༢ ལ་ཁྱབ་པའི་དཔེ་སྟོན་གྱི་སྣེ་ཁ་གསར་པ ༢༢ ནང་འདྲེན་དང་།  བཟོ་རྩལ་གསར་པ ༥ གསར་སྤེལ།  ཐོན་རྫས་གསར་པ ༨ ཞིབ་བཟོ།  ཐོན་སྐྱེད་བྱ་ཡུལ ༥ གསར་འཛུགས།  རྒྱ་ཁྱོན་མུའུ ༣༨༠༠ ལྷག་ཙམ་གྱི་སར་དཔེ་སྟོན་རྟེན་གཞི ༢༣ སྐྲུན་པ།  ལག་རྩལ་གསར་པ ༡༠ ཁྱབ་སྤེལ་བཏང་བ་བཅས་བྱས་པས།  ཐད་ཀར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་ཚོ ༦༠༠༠ ཡན་བྱུང་བ་དང་།  ས་གནས་དེ་གའི་འདེབས་འཛུགས་དང་གསོ་ཚགས་ཆེད་ལས་དུད་ཚང་དང་ཕྱུག་འགྱུར་འཇོན་ཐང་ཅན ༢༣༠༠ ལྷག་ཙམ་ལ་སྐུལ་ཁྲིད་ཐུབ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]