གོང་དཀར་རྫོང་གིས་ཀུ་ཤུའི་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-25

ཉེ་བའི་ལོའི་རིང་།  གོང་དཀར་རྫོང་གིས་ཡུལ་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་།  ཞིང་ལས་དང་ནགས་ལས་ཐོན་ལས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ།  ནགས་ཤིང་དང་ཤིང་འབྲས་ཀྱི་ཚོང་ཟོག་དཔལ་འབྱོར་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།  ཀུ་ཤུ་འདེབས་འཛུགས་ཁྱད་ལྡན་ཐོན་ལས་ཀྱི་བཀྲག་མདངས་འཚེར་ས་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་པས།  ཞིང་འབྲོག་མང་ཚོགས་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
སྤྱི་ལོ ༢༠༡༧ ལོ་ནས་བཟུང་།  གོང་དཀར་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཟན་ཤིའི་ཡན་ཨན་དང་ཧྲན་ཏུང་དབྱན་ཐའེ་སོགས་སྤུས་ལེགས་ཀུ་ཤུ་ཐོན་ཡུལ་དུ་བསྐྱོད་དེ།  དེང་རབས་ཀྱི་ཤིང་འབྲས་འདེབས་འཛུགས་ལག་རྩལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དང་འབྲེལ།  སྤྱི་ལོ ༢༠༡༨ ལོར་ལྗོངས་ནང་ཁུལ་དུ་སྔོན་ཐོན་གྱི་ཁྱད་ལྡན་ཀུ་ཤུ་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་པ་རེད།  གོང་དཀར་རྫོང་གིས་སྤྱི་ལོ ༢༠༢༡ ལོར་ཁྱད་ལྡན་ཀུ་ཤུའི་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གཏོང་རྒྱུར་སྔར་བས་སྐུལ་འདེད་བཏང་ཞིང་།  རྫོང་ཡོངས་སུ་ཁྱད་ལྡན་ཀུ་ཤུའི་འདེབས་འཛུགས་རྣམ་གྲངས་ཁག ༢ དང་འདེབས་ཡུལ་ཁག ༧ ཁྱབ་གདལ་བཏང་བར་འདེབས་ཁྱོན་མུའུ ༡༣༠༠༠ ཟིན་ཞིང་།  ཁྱོན་མ་དངུལ་སྒོར་དུང་ཕྱུར ༧.༢༥ བཏང་བ་རེད།  དེའི་ནང་སྤྱི་ལོ ༢༠༢༡ ལོར་མ་དངུལ་སྒོར་དུང་ཕྱུར ༦.༥ བཏང་བའི་ཆེད་དོན་འདེབས་འཛུགས་རྣམ་གྲངས་མུའུ ༡༡༧༠༠ དང་།  རྒྱལ་ཁབ་རྡོ་ཐ་ཅུས་ཀྱིས་མ་དངུལ་སྒོར་ཁྲི ༧༥༠༠ བཏང་སྟེ་རོགས་སྐྲུན་བྱས་པའི་འདེབས་འཛུགས་རྣམ་གྲངས་མུའུ ༡༣༠༠ ཚུད་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]