ལྷ་སར་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་རྒྱུའི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཀའ་མཆན་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས།  ལྷ་སར་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་རྒྱུའི་ཐད་བཀའ་མཆན་གནང་བ་དེའི་ཐོག་ནས།  རང་ལྗོངས་ཀྱི་འགག་སྒོའི་དམིགས་བསལ་ལྟ་སྡོམ་ཁུལ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཐོག་མ་དེ་འཛུགས་རྒྱུའི་ལས་ཀར་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་གྱི་ཡོད།  
ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༦ ལོའི་ཟླ་ལྔ་པར་ལྷ་སར་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་རྒྱུའི་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་དང་།  སྤྱི་ལོ ༢༠༢༠ ལོའི་ཟླ་བཞི་པའི་ཚེས ༢༧ ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཀའ་མཆན་གནང་སྟེ་ལྷ་སར་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་རྒྱུར་མོས་མཐུན་བྱས་ཡོད།  རང་ལྗོངས་ཀྱིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ལ་བརྟེན་ཐོག་ཁྱད་ལྡན་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ།  ས་ཁོངས་གྲོལ་བའི་གློག་རྡུལ་ཚོང་དོན་དང་རྒྱལ་སྤྱིའི་ཉོ་ཚོང་།  ས་ཁོངས་གྲོལ་བའི་དངུལ་རྩའི་ཞབས་ཞུ་སོགས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུ་ཡིན་པ་དང་།  ཁྲལ་སྲུང་ཁུལ་དེ་སྐྲུན་ཟིན་རྗེས་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འབྲེལ་ཡོད་ཁྲལ་བབ་དང་ཕྱི་དངུལ་དོ་དམ་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]