ལྗོངས་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣར་སྦྱོང་བརྡར་སྤྲོད་པའི༢༠༢༠ལོའི་ལས་དོན་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཚོའི་སྨན་པའི་སྦྱོང་བརྡར་འཛིན་གྲྭ་སློབ་འགོ་ཚུགས་པ་དེའི་ཐོག་ནས།  ལྗོངས་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣར་སྦྱོང་བརྡར་སྤྲོད་པའི་སྤྱི་ལོ ༢༠༢༠ ལོའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད།   ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་སྦྱོང་བརྡར་བྱེད་ཡུན་ཉིན་དྲུག་ཡིན་པ་དང་ལྗོངས་ཡོངས་ཀྱི་རྫོང་༼ཆུས༽ ༧༤ གནས་ཡུལ་གྱི་གྲོང་ཚོའི་སྨན་པ ༡༡༠༠ ལྷག་ཙམ་ལ་དྲ་ཐོག་ནས་རྒྱང་ཁྲིད་བརྙན་ལམ་སློབ་ཁྲིད་བྱས་པ་དང་།  དུས་ཐེངས་ཁག་གི་སྦྱོང་བརྡར་མཇུག་སྒྲིལ་རྗེས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ད་དུང་དུས་གཅིག་ཏུ་སློབ་མཇུག་སྒྲིལ་སྐབས་ཀྱི་དཔྱད་ཞིབ་ལས་དོན་སྤེལ་རྒྱུ་རེད།།  
  

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]