ཆབ་མདོས་དབང་པོ་སྐྱོན་ཅན་པར་རོགས་སྐྱོར་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༧ ཉིན།  ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་ཐང་ཆེན་དུ་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་པར་རོགས་སྐྱོར་བྱེད་པའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  བྱེད་སྒོ་སྤེལ་ཡུལ་དུ་ཤེས་བྱའི་དྲིལ་བསྒྲགས་འགྲེམས་ཁུལ་དང་སྲིད་ཇུས་གསལ་འགྲེལ་ཁུལ་སོགས་བཀོད་སྒྲིག་བྱས་ཡོད་ཅིང་།  དྲིལ་བསྒྲགས་དཔྱད་གཞི་བཀྲམས་པ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་པའི་རམ་འདེགས་ཡོ་ཆས་དང་དབང་པོ་སྐྱོན་ཅན་པར་རོགས་སྐྱོར་གྱི་འབྲེལ་ཡོད་ལག་རྟགས་ཆུང་ངུ་སྤྲད་པ་རེད།  གཞན་ཡང་།  ཆབ་མདོ་གྲོང་ཁྱེར་གྱི་རྫོང་༼ཆུས༽ཁག་གིས་ཀྱང་གཅིག་མཇུག་གཉིས་མཐུད་ངང་།  རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་པར་རོགས་སྐྱོར་བྱེད་པའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]