རང་ལྗོངས་ཀྱིས་རི་འཛེག་ལུས་རྩལ་གོང་འཕེལ་གྱི་ལམ་བུ་གསར་པ་གཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༡༩ ཉིན།  བོད་ཀྱི་རི་འཛེག་ལུས་རྩལ་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གང་མགྱོགས་གཏོང་བའི་བཞུགས་མོལ་ཚོགས་འདུ་ཇོ་མོ་གླང་མའི་རི་གཤམ་དུ་གནས་པའི་དིང་རི་རྫོང་དུ་འཚོགས་པ་དང་ཆབས་ཅིག  རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཞིས་རྩེ་གྲོང་ཁྱེར་ལ་བོད་ལྗོངས་གཞིས་རྩེ་རྒྱལ་ཁབ་ཀྱི་ས་བབ་མཐོ་བའི་རི་འཛེག་སྦྱོང་བརྡར་རྟེན་གཞི་ཞེས་པའི་སྒོ་བྱང་སྤྲད་པ་དང་།  བོད་ཀྱི་རི་འཛེག་ལུས་རྩལ་གོང་འཕེལ་གྱི་ལམ་བུ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས།  རི་ཁུལ་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རི་འཛེག་ཐོན་ལས་འཚོལ་ཞིབ་གོང་འཕེལ་ཧུར་ཐག་བཏང་སྟེ།  ཐོན་ཁུངས་ལེགས་ཆ་དེ་ཁྱད་ལྡན་ལེགས་ཆར་འགྱུར་རྒྱུར་སྐུལ་སྤེལ་བཏང་བ་དང་རི་ཁུལ་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་ཁྲིད་བྱས་ནས།  ལུས་རྩལ་གྱི་དབུལ་སྐྱོར་གནད་འཕིགས་དང་རི་ཁུལ་མང་ཚོགས་ཀྱི་རི་ཁུལ་ཐོན་ཁུངས་ལ་བརྟེན་པའི་དབུལ་གྲོལ་གནད་འཕིགས་ཀྱི་བྱ་ཐབས་ནུས་ལྡན་བཏོད་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོ་ནས ༢༠༡༩ ལོའི་བར་རི་འཛེག་ཐོན་ལས་ལ་བརྟེན་ནས་བོད་ཀྱི་རི་ཁུལ་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་ཚོ ༢༡༩༣ བྱུང་བ་དང་ས་ཆ་དེ་གའི་ཟ་བཏུང་དང་ཞག་སྡོད།  འགྲིམ་འགྲུལ།  ཚོང་ལས་བཅས་གོང་འཕེལ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།  གཞིས་རྩེ་གྲོང་ཁྱེར་གྱི་རི་འཛེག་ལུས་རྩལ་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱ་ཆེད་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག  སྤྱི་ལོ ༢༠༡༩ ལོར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་མ་དངུལ་སྒོར་ཁྲི་ཚོ ༩༨༠༠ ཙམ་བཏང་སྟེ།  གཞིས་རྩེའི་ཇོ་མོ་གླང་མའི་རྒྱལ་སྤྱིའི་རི་འཛེག་ཐོན་ལས་གཉེར་སྐྱོང་ཞབས་ཞུ་ལྟེ་གནས་དང་གཞིས་རྩེའི་བྲག་འཛེག་གྱང་སྐྲུན་འགོ་བཙུགས་པ་རེད།  ལས་གཞི་དེ་གཉིས་ད་ལོའི་ལོའི་མཇུག་གོང་ལས་མཇུག་སྒྲིལ་ཐུབ་བཟོ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]