ལག་ཐོགས་ཁ་པར་ཐོག་གི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་གཞི་བཟོ་བཅོས་བྱས་ནས་སྤྱོད་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༡ ཉིན།  ལག་ཐོགས་ཁ་པར་ཐོག་གི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་གཞི་བཟོ་བཅོས་བྱས་ནས་སྤྱོད་འགོ་ཚུགས་པ་དེའི་ཐོག་ནས།  བོད་ལྗོངས་ཉིན་རེའི་ཚགས་པར་དེ་སྲོལ་རྒྱུན་གྱི་སྨྱན་སྦྱོར་ནས་མཉམ་འདྲེས་སྨྱན་སྦྱོར་དུ་ཕྱོགས་འགྱུར་བྱས་པའི་གྲུབ་འབྲས་གསར་པ་མཚོན་གྱི་ཡོད།  ཐེངས་འདིའི་པར་གཞི་བཟོ་བཅོས་བརྒྱུད་གསར་འགྱུར་གྱི་ངེས་གནས་དེ་བས་ཁ་གསལ་བ་དང་ནང་དོན་དེ་བས་ཕུན་སུམ་ཚོགས་པོ་ཡོད་ཅིང་མང་ཚོགས་ལ་ལྟ་ཀློག་གི་སྟབས་བདེ་མང་པོ་སྐྲུན་ཡོད།

སྤྱི་ལོ ༢༠༡༥ ལོ་ནས་བཟུང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སྲོལ་རྒྱུན་སྨྱན་སྦྱོར་གྱི་ལེགས་ཆ་དེ་མཉམ་སྦྲེལ་དྲ་རྒྱར་སྣུར་སྲིང་གི་ཚོད་ལྟ་བྱེད་འགོ་བཙུགས་པ་དང་།  ལྷག་པར་དུ་ཉེ་བའི་ལོ་གཉིས་ནང་ལས་ཀའི་ལམ་སྲོལ་དེ་བས་གསར་གཏོད་ཤུགས་ཆེ་བྱས་ནས་གསར་འགྱུར་དཔུང་ཁག་སྤྱི་ཡོངས་ཕྱོགས་འགྱུར་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ།  སྨྱན་སྦྱོར་མཉམ་འདྲེས་ཀྱི་འཁོར་སྐྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]