རྒྱལ་ཁབ་ཀྱི་ས་བབ་མཐོ་བའི་རི་འཛེག་སྦྱོང་བརྡར་རྟེན་གཞི་ཐོག་མ་དེ་གཞིས་རྩེར་བཙུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་བོད་ལྗོངས་གཞིས་རྩེ་དིང་རིའི་རི་ཁུལ་ལུས་རྩལ་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེགས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཞིས་རྩེ་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་ས་བབ་མཐོ་བའི་རི་འཛེག་སྦྱོང་བརྡར་རྟེན་གཞི་ཞེས་པའི་མཚན་སྙན་སྤྲད་པ་དང་།  རྟེན་གཞི་དེ་ནི་རང་ལྗོངས་སུ་གནས་པའི་རྒྱལ་ཁབ་ཀྱི་ས་བབ་མཐོ་བའི་རི་འཛེག་སྦྱོང་བརྡར་རྟེན་གཞི་ཐོག་མ་དེ་རེད།

དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་ཚུན་དུ།  གཞིས་རྩེ་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་རི་འཛེག་ཐོན་ལས་གོང་འཕེལ་ཧུར་ཐག་བཏང་ནས་ཆབ་སྲིད་དང་དཔལ་འབྱོར།  སྤྱི་ཚོགས་བཅས་ཀྱི་ཕན་འབྲས་བཟང་པོ་བཏོད་པ་དང་།  ཐོན་ཁུངས་ཀྱི་ལེགས་ཆ་དེ་ཁྱད་ལྡན་ཐོན་ལས་སུ་སྒྱུར་རྒྱུར་སྐུལ་སྤེལ་བཏང་བ་མ་ཟད།  རི་ཁུལ་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་ཀྱང་བཏང་ནས།  ལུས་རྩལ་བརྒྱུད་དབུལ་སྐྱོར་གནད་འཕིགས་དང་རི་ཁུལ་མང་ཚོགས་ཀྱིས་ཐོན་ཁུངས་ལ་བརྟེན་ནས་ཡོང་འབབ་གསོག་པའི་དབུལ་གྲོལ་གནད་འཕིགས་ཀྱི་བྱ་ཐབས་ནུས་ལྡན་བཏོད་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོ་ནས ༢༠༡༩ ལོའི་བར་རི་འཛེག་ཐོན་ལས་བརྒྱུད་རང་ལྗོངས་ཀྱི་རི་ཁུལ་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི ༢༡༩༣ བཏོད་ཡོད་པ་དང་།  ས་ཆ་དེ་གའི་ཟ་བཏུང་དང་ཞག་སྡོད།  འགྲིམ་འགྲུལ།  ཚོང་ལས་སོགས་ལས་རིགས་གོང་འཕེལ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།  རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་སྤྱི་ལོ ༢༠༡༩ ལོར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་མ་དངུལ་སྒོར་ཁྲི ༩༨༠༠ ཙམ་བཏང་སྟེ།  གཞིས་རྩེ་ཇོ་རིའི་རྒྱལ་སྤྱིའི་རི་འཛེག་ཐོན་ལས་གཉེར་སྐྱོང་ཞབས་ཞུ་ལྟེ་གནས་དང་གཞིས་རྩེའི་བྲག་འཛེག་ལུས་སྦྱོང་ལས་གཞི་སྐྲུན་འགོ་བཙུགས་ཤིང་།  རྣམ་གྲངས་དེ་གཉིས་ཀ་སྤྱི་ལོ ༢༠༡༩ ལོར་ལས་འགོ་བཙུགས་ཟིན་པ་དང་ད་ལོའི་ལོ་མཇུག་གོང་ལས་མཇུག་སྒྲིལ་ཐུབ་བཟོ་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]