རང་ལྗོངས་ཀྱིས་ལས་ཁུངས་ཀྱི་ཏང་འཛུགས་ལས་ཀར་དམ་འཛིན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེ་མོ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས།  ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་ལས་ཁུངས་ཀྱི་ཏང་འཛུགས་ལས་ཀར་ཟུར་འཐེན་ཞིབ་བཤེར་གནང་སྐབས།  རྒྱུན་གཏན་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་།  ལས་དོན་ཁག་གཏིང་ཟབ་དང་ཞིབ་ཚགས།  ཏན་ཏིག་བཅས་ཀྱི་ངང་སྤེལ་ཏེ་ལས་ཁུངས་ཀྱི་ཏང་འཛུགས་ལས་ཀའི་སྤུས་ཚད་ལེགས་སུ་ཧུར་ཐག་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ལིའུ་ཅང་གིས་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ལས་ཁུངས་ཏང་ཨུད་དང་ཏང་ཀྲེ་པུའུ་གཉིས་ལ་རྟོག་ཞིབ་གནང་སྟེ།  ཏང་ཡོན་ལས་བྱེད་པའི་གྲོས་འཆར་གསན་པ་དང་།  ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་རིག་གཞུང་སློབ་སྦྱོང་།  ཏང་ཡོན་གྱི་ནུས་པ་འདོན་སྤེལ་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  ལིའུ་ཅང་གིས་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཞིང་འབྲོག་ཚན་རིག་ཞིབ་འཇུག་ལས་ཀར་སྤྱི་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་དང་།  ལྗོངས་འགྲིམ་འགྲུལ་ཐིང་ཏང་ཨུད་ཀྱིས་ལས་ཁུངས་དམ་འཛིན་བརྒྱུད་ཁོངས་གཏོགས་གོང་འོག་ལ་སྣེ་ཁྲིད་བྱེད་རྒྱུའི་ཐད་ཤུགས་སྣོན་བརྒྱབ་སྟེ།  ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལས་ཀར་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་དང་འགན་སྲུང་མཁོ་འདོན་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

ལིའུ་ཅང་ནས་ད་དུང་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་དྲན་གསོ་ཁང་ལ་རྟོག་ཞིབ་གནང་བ་མ་ཟད།  ཁུར་བུ་ཡང་དུ་གཏོང་བའི་ལས་དོན་ཐད་ཀྱི་ཏང་ཡོན་ལས་བྱེད་པའི་གྲོས་འཆར་ཡང་གསན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]