དྲ་ཐོག་གི་རིག་ནུས་ཏང་འཛུགས་སྟེགས་བུ་བརྒྱུད་ཏང་འཛུགས་གི་གསོན་ཤུཌ་འཕེལ་བ་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད།  ཉེ་དུས།  བོད་ལྗོངས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཐོན་རྫས་ཚོགས་པ་འགན་འཁྲི་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་རིག་ནུས་ཀྱི་ཏང་འཛུགས་སྟེགས་བུ་དང་ཆབ་སྲིད་ཀྱི་འཇོན་ཐང་མཐོར་གཏོང་སྟེགས་བུ་དངོས་སུ་དྲ་ཐོག་ཏུ་བཏོན་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  དྲ་ཐོག་གི་རིག་ནུས་ཏང་འཛུགས་སྟེགས་བུར་རྩ་འཛུགས་ཀྱི་འཚོ་བའི་དཔྱད་གཞི་བརྒྱུད་སྤེལ་དང་ཉར་ཚགས།  ལྟ་ཀློག་བཅས་ཐུབ་ཀྱི་ཡོད་པས།  ཁུལ་ཁོངས་དང་ཚན་པ་དེའི་རིག་གཞུང་དྲ་ཐོག་ཏུ་སློབ་སྦྱོང་དང་ཏང་དོན་ཡོངས་བསྒྲགས།  ཏང་གི་གྲོན་དངུལ་དྲ་ཐོག་ནས་འཇལ་རྒྱུ།  ཏང་རྩ་འཛུགས་ཀྱི་འབྲེལ་བ་དྲ་ཐོག་ནས་བརྒྱུད་སྤྲོད།  ཏང་ཡོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་དོ་དམ་ཐུབ་པ་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད། 
ཆབ་སྲིད་ཀྱི་འཇོན་ཐང་མཐོར་གཏོང་སྟེགས་བུས་ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་དང་དཔྱད་དཔོག་ཐུབ་རྒྱུ་མ་ཟད།  རྒྱུན་ལྡན་གྱི་ལས་ཀ་དང་འགན་འཁྲི་གཉིས་འབྲེལ་འདྲིས་དོན་འཁྱོལ་དམ་ཟབ་ཐུབ་ནས།  ཆ་འཕྲིན་ཅན་གྱི་བྱ་ཐབས་བརྒྱུད་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འགན་ནུས་ཆེ་རུ་གཏོང་རྒྱུར་རོགས་རམ་ཡང་ཐུབ་རྒྱུ་རེད།
ཤེས་རྟོགས་བྱས་པར་གཞིགས་ན།  གོམ་སྟབས་རྗེས་མར་མུ་འབྲེལ་སྟེགས་བུ་དེས་གྲངས་གཞི་ཆེ་མོའི་ཡོ་ཆས་དང་རྣམ་པ་བེད་སྤྱད་དེ།  གྲངས་གཞི་ཆེ་མོའི་དབྱེ་ཞིབ་ནུས་པ་ཆེ་རུ་ཕྱིན་ནས་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་འཐབ་ཇུས་དང་གནད་འཕིགས་ཅན་གྱི་དབྱེ་ཞིབ་མཁོ་འདོན་ཐུབ་རྒྱུ་དང་།  ཏང་འཛུགས་སྐྱོང་ལས་དོན་སྤུས་འབོར་གཉིས་ལྡན་ཡོང་རྒྱུར་རོགས་རམ་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]