ཆབ་མདོས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་།  རྣམ་གྲངས་མ་དངུལ་བསྡུ་རུབ་བྱས་པ་སོགས་བྱ་ཐབས་ཁག་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱས་ཡོད།  དེང་སྐབས་ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ལོ ༢༠༡༩ ལོའི་འཆར་འགོད་འཛུགས་སྐྲུན་བྱས་པའི་མུའུ་ཁྲི་ཚོ ༡༧ ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁར་མ་དངུལ་སྒོར་དུང་ཕྱུར ༤.༣ ལྷག་ཙམ་བཏང་ཟིན་ནས་མ་འཇོག་གི་བརྒྱ་ཆ ༨༤.༧ ལེགས་སྒྲུབ་ཟིན་པ་རེད།
ཏོག་གསར་གློ་ཚད་ནད་ཡམས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་ཆེད།  ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཟླ ༢ པའི་ཚེས ༡༥ ཉིན་ནས་བཟུང་།  རྫོང་༼ཆུས༽ཁག་གི་མི་སྣ་ལས་གནས་ཐོག་ཕྱིར་ལོག་དང་ལས་ཀ་བསྐྱར་ཚུགས།  འཛུགས་སྐྲུན་འཕེལ་རིམ།  སྐྱེ་ལྡན་ལུད་དབོར་འདྲེན།  སྤྱི་ལོ ༢༠༢༠ ལོའི་དུས་འགོའི་ལས་ཀ། གནས་མུས་ཀྱི་དཀའ་ངལ་བཅས་དང་དེ་བཞིན་མཐུན་སྦྱོར་ཐག་གཅོད་བྱེད་རྒྱུའི་བྱ་བ་སོགས་ཀྱི་གནས་ཚུལ་ཐད་ཆེད་མི་བཀོད་སྒྲིག་བྱས་པ་མ་ཟད།  ལས་དོན་ཚོགས་ཆུང་གཉིས་སྒྲིག་འཛུགས་བྱས་ནས་སྤྱི་ཟླ་གསུམ་པར་རྫོང་༼ཆུས༽༡༡ གི་ཚད་གཞི་མཐོ་བའི་ཞིང་ཁ་བཟོ་འགོ་འཛུགས་པ་དང་འཛུགས་སྐྲུན་གནས་ཚུལ་ཐད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན།  དེང་སྐབས་ཞིང་ནང་ལོ་ཏོག་སྐྱེ་འཚར་ཡོང་བའི་དུས་མཚམས་ཡིན་པས་ཆུ་ཡུར་བཟོ་རྒྱུ་དང་།  ལྕགས་དྲ་སྐོར་རྒྱུ་སོགས་ལས་ཀ་ཙམ་ལས་ས་རྒྱུ་ལེགས་བསྒྱུར་སོགས་ཀྱི་ལས་གཞི་སྟོན་བསྡུ་ཟིན་རྗེས་གཞི་ནས་ལག་བསྟར་བྱེད་དགོས་ཀྱི་ཡོད་ཅིང་སྤྱི་ཟླ་བཅུ་པའི་ཟླ་མཇུག་ཏུ་ལས་མཇུག་སྒྲིལ་ཐུབ་བཟོ་ཡོད།  སྤྱི་ལོ ༢༠༢༠ ལོར་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགན་མུའུ་ཁྲི་ཚོ ༢༢ ཡིན་པ་དང་།  དེང་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་༼ཆུས༽ལ་ཐོག་མའི་ཇུས་འགོད་སྒྲིག་བཟོའི་ལས་དོན་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཟིན་པ་དང་།  ཉེ་དུས་རྫོང་༼ཆུས༽ཁག་གི་ཐོག་མའི་ཇུས་འགོད་ཞིབ་བཤེར་ལས་དོན་སྤེལ་བཞིན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]