གཞིས་རྩེས་སློབ་ཆེན་སློབ་ཐོན་པ་དང་ཞིང་འབྲོག་པ་ལས་ཞུགས་ལས་གཏོད་གང་ལེཌ་ཡོང་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་དང་ཞིང་འབྲོག་པ་སྤོ་འགྱུར་ལས་ཞུགས་ལ་དམ་འཛིན་ཏན་ཏིག་བྱས་ནས།  ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་བཏང་སྟེ་ལས་ཞུགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བ་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཞུགས་ལ་མཐོང་ཆེན་པོ་བྱས་པ་དང་བསྟུན།  གྲོང་ཁྱེར་དང་རྫོང་།  ཤང་།  གྲོང་ཚོ་བཅས་རིམ་པ་བཞིའི་འགོ་ཁྲིད་གཙོ་བོས་དམ་འཛིན་གཙོ་བོ་བྱེད་པ་དང་།  ལས་བགོས་འགན་གཉེར་གྱི་འགོ་ཁྲིད་ནས་ཆེད་འགན་དམ་འཛིན་བྱེད་པ།  མི་སྤྱི་ཚན་པས་སྒྲིག་འཛུགས་ལག་བསྟར་བྱེད་པ་སོགས་གོང་འོག་མཉམ་འགུལ་དང་མཉམ་འཛིན་མཉམ་སྡོམ།  འགན་འཁྲི་རང་འཁུར་བཅས་ཀྱི་ལས་ཞུགས་ལས་ཀའི་སྒྲིག་གཞི་ཞིག་ཆགས་ཡོད།  སྲིད་ཇུས་ཀྱི་སྣེ་འདྲེན་ནུས་པ་འདོན་སྤེལ་བྱས་ཏེ་སྔ་རྗེས་སུ་ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་ཞིང་འབྲོག་པར་ཁ་ཕྱོགས་པའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཁ་གསབ་ཚོད་ལྟ་ལག་བསྟར་ཞིབ་སྲོལ་དང་།  སྤྱི་ལོ ༢༠༢༠ ལོའི་གཞིས་རྩེའི་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལས་ཀའི་བྱ་ཐབས་ཉི་ཤུ་སོགས་སྲིད་ཇུས་ཡིག་ཆ་ཞིབ་འཇུག་བྱས་ནས་བཏོན་པའི་ལས་ཞུགས་ལས་ཀར་གཞི་འཛིན་ས་ཡོད་པ་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་ཐབས་མང་མཉམ་བཟུང་བརྒྱུད་ལས་རིགས་རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་སྤེལ་བ་དང་དངོས་སྤྱོད་རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་སྟེ།  ངལ་རྩོལ་པའི་ལས་ཞུགས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད།  ད་བར་དངོས་སྤྱོད་རྩལ་ནུས་སྦྱོང་བརྡར་ཐེངས ༢༡༣ བྱས་ནས་མི ༧༥༨༢ ལ་སྦྱོང་བརྡར་སྤྲད་པ་དང་སྦྱོང་བརྡར་བརྒྱུད་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༩༠ ཟིན་གྱི་ཡོད།  ལས་ཐོག་སྦྱོང་བརྡར་ཐེངས ༦༡ སྤྲད་ནས་མི ༣༥༦༣ ལ་སྦྱོང་བརྡར་སྤྲད་པ་དང་།  མངགས་ཐོ་རྣམ་པའི་ལས་གནས་གཏན་འཁེལ་གྱི་རྩལ་ནུས་སྦྱོང་བརྡར་ཐེངས ༤༢ བྱས་ནས་མི ༡༨༣༦ ལ་སྦྱོང་བརྡར་སྤྲད་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་པའི་ལས་ཞུགས་ཞབས་ཞུ་སྤེལ་ཚད་དང་སྤེལ་ཁོངས་རྒྱ་སྐྱེད་ཧུར་ཐག་བཏང་སྟེ།  ཞིབ་ཚགས་རང་བཞིན་གྱི་མཐིལ་རྟོགས་དང་དམིགས་འཛུགས་རང་བཞིན་གྱི་གསར་སྤེལ།  གནད་འཕིགས་རང་བཞིན་གྱི་རོགས་སྐྱོར་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་བུ་རྫི་རྣམ་པའི་ཞབས་ཞུར་བརྟེན་ནས་སློབ་ཆེན་སློབ་ཐོན་པ་དང་ཞིང་འབྲོག་མང་ཚོགས་ལས་ཞུགས་གང་ལེགས་ཐུབ་རྒྱུར་གཞོགས་འདེགས་བྱས་ཏེ།  རིགས་ཁག་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་གཅིག་གྱུར་འཆར་འགོད་ངང་ཡག་པོ་སྤེལ་པ་རེད།  སྤྱི་ཟླ ༦ ཚེས ༣༠ ཉིན་བར་གྲོང་ཁྱེར་དེ་ཡོངས་སུ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཁྲི་ཚོ ༡༨.༡༩ སྤོ་འགྱུར་ལས་ཞུགས་ཐུབ་པར་ཡོང་འབབ་སྒོར་དུང་ཕྱུར ༡༧.༡༨ བྱུང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]