རང་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༧ ཉིན།  རང་སྐྱོང་ལྗོངས་སྲིད་གཞུང་ནས་ལྗོངས་ཡོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ།  འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཅང་ཅེ་ནས་རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་ཚན་པའི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་།  ལས་ཆོད་ཆེ་རུ་བཏང་ནས་གཅིག་འགྱུར་འཆར་འགོད་ཐོག་སྡོད་ཁང་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན།  གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན།  སྐྱེ་ཁམས་དང་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག  གུད་གསབ་ལས་སྤྲོད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཕན་འབྲས་ཐོན་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཅང་ཅེ་ཡིས་གྲོང་ཁྱེར༼ས་ཁུལ༽ཁག་གི་འབྲེལ་ཡོད་ཚན་པ་ཁག་ནས་ལས་ཡུན་ལྡོག་རྩིས་རྒྱག་པ་དང་།  བྱ་ཐབས་ཞིབ་ཕྲ་བཟུང་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྤུས་ལེགས་ངང་སྐུལ་འདེད་བཏང་སྟེ།  ད་ལོའི་སྤྱི་ཟླ་དགུ་པའི་ཟླ་མཇུག་ཏུ་འཛུགས་སྐྲུན་གྱི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པ་བྱས་ཐོག  མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེ་བྱས་ཏེ།  མཐའ་མཚམས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ་དང་།  ཐོན་ཁུངས་ཀྱི་ལེགས་ཆ་དང་མཐའ་མཚམས་གྲོང་ཚོའི་དོན་དངོས་ལ་གཞིགས་ནས།  ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཏེ་ཞིང་འབྲོག་པ་རང་ས་རང་ཡུལ་དུ་འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱེད་དགོས་པ།  ལས་གཞིའི་སྤུས་ཚད་འགན་ལེན་བྱེད་པ་དང་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཐོག  ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ཏན་ཏིག་སྒྲུབ་སྟེ།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དེ་སྤུས་ཚད་ལེགས་པ་དང་མང་ཚོགས་བློ་མགུ་བའི་དམངས་འཚོའི་ལས་གཞི་ཞིག་ཏུ་སྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།
  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]