གཞིས་རྩེའི་ཤིང་འཛུགས་ནགས་བཟོར་དགའ་འོས་པའི་གྲུབ་འབྲས་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་ལས་འགན་ལ་དམ་པོར་བསྟུན་པ་དང་བཀོད་སྒྲིག་དོན་འཁྱོལ་བྱེད་པ།  སྤྱི་དང་བྱེ་བྲག་ཟུང་འབྲེལ་བཅས་བྱས་ཏེ།  ཤིང་འཛུགས་ནགས་བཟོའི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་ཅིང་།  ད་བར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་ཚོ ༡༥.༡ བྱས་པ་དང་ལྷག་པར་དུ་གཙང་པོ་གཉིས་དང་ཆུ་བོ་བཞི་རྒྱུགས་ཁུལ་དུ་ཤིང་འཛུགས་ནགས་བཟོ་མུའུ ༧༥༠༠ བྱས་པ།  གཞིས་རྩེའི་རིམ་མཐོའི་གཞུང་ལམ་གཡས་གཡོན་དུ་ཤིང་འཛུགས་ནགས་བཟོ་བྱེད་ཚད་མུའུ ༧༠༠ ཟིན་པ་མ་ཟད།  ས་སྐྱར་བྱེད་བཅོས་བྱེད་འགོག་མུའུ ༢༢༠༠ ལེགས་སྒྲུབ་ཟིན་པ་བཅས་རེད།  
གཞིས་རྩེ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་མུའུ ༩༣༠༠༠ སར་སྔོན་ལ་ཤིང་འཛུགས་ནགས་བཟོ་དང་རྗེས་སུ་གསབ་སྣོན་ལས་དོན་དོན་འཁྱོལ་ཟིན་ཞིང་།  ཅུས་དེས་ཤང་དང་གྲོང་ཚོའི་ཞིང་འབྲོག་མང་ཚོགས་དང་ཤིང་འཛུགས་ནགས་བཟོའི་འཆར་གཞིའི་ཐད་མིང་རྟགས་བཀོད་པ་རེད།  
གཞིས་རྩེ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཁུལ་གསུམ་ཁོངས་གསུམ་དང་གཞུང་ལམ་ཁག ༡༣ གྱི་གཡས་གཡོན་དུ་འཛུགས་རྒྱུའི་སྡོང་ཕྲུག་རྐང་ ༢༦༠༠ ཚན་པ ༤༥ ལ་སྤྲད་དེ།  ཁེ་ལས་དང་བྱ་གཞག་ཚན་པའི་གཞོར་གཏོགས་སྔོ་འགྱུར་ལས་ཀའི་ཕན་འབྲས་ཆེ་རུ་བཏང་བ་དང་ཆབས་ཅིག  ཇོ་མོ་གླང་མའི་རིག་གནས་བློ་གསར་གླིང་གི་གཞུང་ལམ་ཁག ༡༨ དང་ས་ཆ་སྤྱི་ཆིང་ ༡༠༤.༦ སར་མེ་ཏོག་དང་རྩྭ་བཏབ་པ་མ་ཟད།  མནའ་ཤིང་ཁག་ལ་མིང་བྱང་སྒར་རྒྱུར་ཡང་སྐུལ་འདེད་བཏང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]