དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོར་མཛད་ཕྱོགས་སྲིད་ཇུས་མང་པོ་མྱོང་རོལ་ཐུབ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༠ ཉིན།  རེས་འཁོར་གསུམ་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་བྱེད་སྒོའི་སྲིད་ཇུས་རྒྱུན་མཐུད་གསལ་འགྲེལ་དང་ལྗོངས་ཡོངས་ཀྱི་ཡུལ་སྐོར་མཐུན་ཚོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། 
ད་ལོའི་སྤྱི་ཟླ ༡༠ པའི་ཚེས ༡༥ ཉིན་ནས་བཟུང་།  རེས་འཁོར་གསུམ་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་བྱེད་སྒོའི་སྲིད་ཇུས་རྒྱུན་མཐུད་ལག་ལེན་བྱས་ནས།  ནུས་ཤུགས་ཡོད་རྒུས་ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་གྱི་འོག  ལྗོངས་ཡོངས་ཀྱི་ཡུལ་སྐོར་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།  རེས་འཁོར་གསུམ་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་བྱེད་སྒོའི་སྲིད་ཇུས་སྤྱི་ལོ ༢༠༢༠ ལོའི་ཟླ ༡༠ པའི་ཚེས ༡༥ ཉིན་ནས་འགོ་བཙུགས་ཏེ་སྤྱི་ལོ ༢༠༢༠ ལོའི་ཟླ ༡༢ པའི་ཚེས ༣༡ ཉིན་མཇུག་སྒྲིལ་རྒྱུ་རེད།
དགུན་དུས་རིང་རང་ལྗོངས་ཀྱིས་དགོན་སྡེའི་ཡུལ་ལྗོངས་ཕུད་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཀ་པ་རིམ་པ་གསུམ་ཡན་གྱི་ཡུལ་ལྗོངས་ཁུལ་དུ་རིན་པ་མི་དགོས་པར་ལྟ་སྐོར་བྱེད་ཆོག་གི་ཡོད་པ་དང་།  གཞུང་ཁོངས་ཀ་པ་རིམ་པ་གསུམ་མན་དང་གཞུང་ཁོངས་མ་ཡིན་པའི་ཀ་པ་རིམ་པའི་ཡུལ་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་གོང་ཚད་ཀྱི་རྨང་གཞིའི་ཐོག་གོང་ཚད་ཕྱེད་ཀ་གཅོག་རྒྱུ་ཡིན་ཞིང་།  ལྗོངས་ནང་ཁུལ་གྱི་ཡུལ་སྐོར་སྣེ་ལེན་ཁང་ནས་སྔ་ཕྱི་བསྡོམས་ཡུལ་སྐོར་བ་ཆིག་སྟོང་ཡན་ལ་སྣེ་ལེན་ཞུས་ཐུབ་ཚེ་བྱ་དགའ་སྒོར་ཁྲི་ཚོ ༡༠ སྤྲོད་རྒྱུ་ཡིན་པ་དང༌།  ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་ཀྱི་འགྲུལ་སྐྱེལ་གོང་ཚད་ཡུལ་སྐོར་བ་མང་བའི་དུས་ཀྱི་གོང་ཚད་ཀྱི་བརྒྱ་ཆ ༥༠ མན་གྱི་ཚད་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ།  སྐར་གསུམ་རིམ་པ་ཡན་གྱི་སྐར་རིམ་མགྲོན་ཁང་དང་རྒྱལ་སྤྱིའི་སྤུས་རྟགས་དང་སྤུས་ལེགས་མགྲོན་ཁང་གི་ཉལ་ཁང་གོང་ཚད་དེ་ཡུལ་སྐོར་བ་མང་བའི་དུས་ཀྱི་གོང་ཚད་ཀྱི་བརྒྱ་ཆ ༥༠ མན་ལག་བསྟར་བྱེད་རྒྱུ་ཡིན་པ།  མཁའ་འགྲུལ་ཀུང་སི་ཁག་གིས་ཡུལ་སྐོར་བ་ཉུང་བའི་དུས་སུ་ཆ་སྙོམས་གོང་ཚད་གཅོག་ཚད་བརྒྱ་ཆ ༥༠ ལས་མི་ཉུང་བ་བྱེད་རྒྱུ་མ་ཟད།  ལྗོངས་ནང་ཁུལ་གྱི་ཡུལ་སྐོར་སྣེ་ལེན་ཁང་དང་འབོར་གྲངས་གཏན་འཁེལ་གྱི་སྡོད་ས་འགན་སྲུང་གི་གྲོས་མཐུན་བཞག་ཡོད་པ་བཅས་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]