མི་དམངས་ཉིན་རེའི་ཚཌ་པར་ཐོག་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་དང་སྨན་བཅོས་འཕྲོད་བསྟེན་སོཌ་ལ་ཐོབ་པའི་གྲུབ་འབྲས་སྐོར་བཀོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་མི་དམངས་ཉིན་རེའི་ཚགས་པར་ཐོག  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་སྐོར་གྱི་གསར་འགྱུར་བསྟུད་མར་སྤེལ་ཡོད།

མི་དམངས་ཉིན་རེའི་ཚགས་པར་ཐོག  བོད་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་ལེགས་སུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་ཇེ་མང་དུ་ཕྱིན་ཏེ།  སྤྱི་ལོ ༢༠༡༢ ལོ་ནས ༢༠༡༩ ལོའི་བར་རང་ལྗོངས་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༥༦༩༧ ནས་སྒོར་ཁྲི ༡.༢༩༥༡ བར་འཕར་བ་དང་ལོ་རེར་ཆ་སྙོམས་བརྒྱ་ཆ ༡༢.༤ འཕར་ཡོད་ཅིང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༡.༨༣༦༢ ཟིན་ནས་སྒོར་ཁྲི ༣.༧༤༡༠ བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆ ༡༠.༧ ཟིན་ཡོད་པའི་གནས་ཚུལ་བཀོད་དེ།  རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་གླེང་ཡོད།

འབྱོར་འབྲིང་འཚོ་བའི་ཕྱོགས་སུ་སྐྱོད་ཅེས་པའི་ཆེད་སྒྲིག་ལེ་ཚན་ནང་།  ཆུ་ཤུར་རྫོང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱེད་གནས་ཏེ་དུས་བཞི་བཀྲ་ཤིས་གྲོང་ཚོ་འབྱོར་འབྲིང་ལམ་དུ་སྐྱོད་ཅེས་པ་བཀོད་ནས།  ཐོན་ལས་དར་རྒྱས་བརྒྱུད་གོང་འཕེལ་གཏོང་ཤེད་ལྡན་པ་དང་འཚོ་བ་ཕུན་སུམ་ཚོགས་པ།  ཡོང་འབབ་འགན་ལེན་ཐུབ་པ།  ལས་བརྩོན་ཕྱུག་འགྱུར་ཐུབ་པ།  ཕུགས་ཀྱི་དམིགས་ཚད་ཡོད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཁག་དང་པོའི་གྲས་ཤིག་ཡིན་པའི་དུས་བཞི་བཀྲ་ཤིས་གྲོང་ཚོ་ངོ་སྤྲོད་བྱས་ཡོད་པ་དེ་ཡང་།  ཉེ་བའི་ལོའི་རིང་།  དབུལ་གྲོལ་འབབ་འཕར་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ་མུའུ་ཁྲི་ཁ་ལོན་པའི་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་དང་།  སྡོང་ཕྲུག་གསོ་སྤེལ་རྟེན་གཞི།  སྐྱེ་ལྡན་ལུད་བཟོ་གྲྭ  བཞོན་མ་གསོ་ཚགས་ར་བ།  མུའུ་བརྒྱའི་དྲོད་ཁང་སོགས་ཀྱི་ཐོན་ལས་ལ་བརྟེན་ནས་ངལ་རྩོལ་ནུས་པ་ལྡན་པའི་མང་ཚོགས་རིམ་བཞིན་ཐོན་ལས་བཟོ་པར་འགྱུར་བ་བྱས་ཏེ།  གླ་ཆ་བརྟན་པོ་དང་གནས་སྤོ་ཐུབ་པ།  གཞིས་ཆགས་ཐུབ་པ།  ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་དམིགས་ཚད་བསྒྲུབས་ཏེ་འབྱོར་འབྲིང་ལམ་བུའི་ཐོག་སྐྱོད་བཞིན་ཡོད།

གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན།  གོང་དཀར་རྫོང་སྲིན་པོ་རིའི་བཀོད་སྒྲིག་ཁུལ་གྱི་གྲོང་མི་རྣམས་ས་བབ་མཐོ་ས་ནས་གནས་སྤོ་བྱས་རྗེས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བའི་གནས་ཚུལ་སྤེལ་ཏེ།  ས་བབ་མཐོ་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་སྐོར་ངོ་སྤྲོད་བྱས་ཡོད།  གོང་དཀར་རྫོང་སྲིན་པོ་རིའི་གནས་སྤོས་བཀོད་སྒྲིག་ཁུལ་གྱིས་ཐོན་ལས་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་བཏང་བ་དང་།  ལས་རིགས་སྦྱོང་བརྡར་གོ་རིམ་ལྡན་པའི་ངང་སྤྲད་ནས་བཀོད་སྒྲིག་ཁུལ་གྱི་མང་ཚོགས་ཚོའི་ཕུགས་རིང་འཚོ་སྡོད་འགན་ལེན་གང་ལེགས་བྱས་པ་དང་ཆབས་ཅིག  གན་འཇོག་ཁྱིམ་ཚང་སྨན་པས་དུས་བཀག་ལྟར་ཁྱིམ་དུ་སྨན་བཅོས་བྱེད་པར་བསྐྱོད་དེ་རྒྱུན་ལྡན་གྱི་བརྟག་དཔྱད་བྱེད་ཀྱི་ཡོད་པས།  དེ་ཁུལ་མང་ཚོགས་ནད་གཞི་སྨན་བཅོས་ཐད་ཧ་ཅང་སྟབས་བདེ་པོ་ཡོད་པ་དང་།  ཕྲུ་གུ་ཚོ་བཀོད་སྒྲིག་ཁུལ་གྱི་ཁོར་ཡུག་བཟང་པོའི་འོག་ལོ་དགུའི་འོས་འགན་སློབ་གསོ་མྱོང་ཐུབ་པ་བྱུང་ཡོད་ལ།  བོད་ལྗོངས་ཀྱིས་ས་བབ་མཐོ་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་ལས་གཞི་ལག་བསྟར་བརྒྱུད་དབུལ་གྲོལ་འགག་སྒྲོལ་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀར་ཕན་པ་ཡང་ཐོབ་ཡོད།

ཉིན་ཤས་བསྟུད་མར་མི་དམངས་ཉིན་རེའི་ཚགས་པར་ཐོག  ཉིང་ཁྲིས་གཞི་རིམ་སྨན་བཅོས་ཞབས་ཞུ་ལེགས་སུ་བཏང་བས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་ཞེས་པ་དང་།  བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་བ་སོགས་ཀྱི་སྐོར་བཀོད་པའི་ནང་།  སྤྱི་ལོ ༢༠༡༢ ལོ་ནས ༢༠༡༩ ལོའི་བར།  བོད་ལྗོངས་ཀྱི་འཕྲོད་བསྟེན་ལག་རྩལ་པ་ཁྲི ༡.༡༣༡༣ ཟིན་ནས་འཕར་ཚད་བརྒྱ་ཆ ༨༢.༦ ཟིན་པ་དང་།  སྨན་བཅོས་ཚན་པ ༡༠༤ ནས ༡༥༦ བར་མང་དུ་ཕྱིན་པ།  སྨན་བཅོས་འཕྲོད་བསྟེན་ཚན་པའི་ཉལ་ཁྲི་ཁྲི ༡.༠༡༣༤ ནས་ཁྲི ༡.༧༠༧༣ བར་མང་དུ་ཕྱིན་པ།  མིའི་ཆ་སྙོམས་སྔོན་དཔགས་ཚེ་ཚད་ལོ ༦༨.༢ ནས་ལོ ༧༠.༦ བར་རིང་དུ་ཕྱིན་པ་བཅས་བྱུང་ནས།  བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ཏེ།  མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་འགན་ལེན་ནུས་ལྡན་ཐུབ་པའི་སྐོར་བཀོད་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]