འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ཏེ་བྱ་བ་སྒྲུབ་བསམ་པ་དང་བྱ་བ་སྒྲུབ་ཕོད་པ། བྱ་བ་ལེགས་སྒྲུབ་ཡོང་བ་བཅས་བྱེད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་ཉིན་རེའི་ཚགས་པར་ཐོག  ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་ནུ་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བའི།  འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ཏེ་བྱ་བ་སྒྲུབ་བསམ་པ་དང་བྱ་བ་སྒྲུབ་ཕོད་པ། བྱ་བ་ལེགས་སྒྲུབ་ཡོང་བ་བཅས་བྱེད་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཡོད།

རྩོམ་ཡིག་ནང་།  ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་ནུ་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  ང་ཚོ་ད་ལྟ་བྱ་བ་སྒྲུབ་ན་སྒྲུབ་རྒྱུ་ཡོད་པའི་དུས་རབས་གསར་པར་གནས་ཡོད་པས།  ན་གཞོན་ལས་བྱེད་པ་ཚོས་གནད་དོན་ཐག་གཅོད་བྱེད་ཕོད་པ་བྱས་ནས་བྱ་བ་སྒྲུབ་བསམ་པ་དང་བྱ་བ་སྒྲུབ་ཕོད་པ།  བྱ་བ་ལེགས་སྒྲུབ་ཡོང་བ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་གནད་དོན་ཐག་གཅོད་དང་དཀའ་གནད་སེལ་ནས།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་དགོས་རྒྱུ་མཛུབ་སྟོན་གནང་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  གོ་སྐབས་དང་འགྲན་སློང་མང་བའི་དུས་རབས་འདི་འདྲ་ཞིག་གི་ནང་ང་ཚོས་བྱ་བ་སྒྲུབ་ན་སྒྲུབ་རྒྱུ་ཡོད་ལ་བྱས་རྗེས་ཆེན་པོ་འཇོག་ཀྱང་ཐུབ་ངེས་རེད།  དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་།  རང་རྒྱལ་གྱི་གོང་འཕེལ་དེ་སྔར་བཞིན་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་འཕྲད་པའི་དུས་སུ་གནས་ཡོད་ཅིང་།  གོ་སྐབས་དང་འགྲན་སློང་གཉིས་ཀར་གོང་འཕེལ་གྱི་འགྱུར་ལྡོག་གསར་པ་འཕྲད་པར་ངོས་འཛིན་གཏིང་ཟབ་ཡོང་བ་བྱེད་དགོས།  རྒྱ་ཆེའི་ལས་བྱེད་པས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་རྩོད་སྒྲུབ་ཐོག་ནས་ངོས་འཛིན་དང་སྟངས་འཛིན་བྱས་ཏེ།  སྤྱི་ཡོངས་ཆེ་མོ་གཉིས་ཡིད་ལ་བཅངས་ནས་གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་བླང་བྱ་གཞིར་བཟུང་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་བདུན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  རང་འགུལ་ངང་དུས་རབས་གསར་པའི་རླབས་ཆེའི་ལག་ལེན་ཁྲོད་ཞུགས་ནས་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱས་ཏེ་ཡིན་མིན་ཆེན་པོའི་མདུན་དུ་དཔའ་དམ་བཤམ་ཕོད་པ་དང་།  འགལ་ཟླ་དང་གདོང་ཐུག་མདུན་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱེད་ཕོད་པ།  ཉམས་ཉེན་དང་དཀའ་ངལ་གྱི་མདུན་དུ་དཔའ་ངར་ཆེར་སྐྱེད་ཐོག་གདོང་མཆོང་བྱེད་ཕོད་པ།  བྱ་ངན་སྤྱོད་ངན་གྱི་མདུན་དུ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་མངག་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་ཞེས་འཁོད་ཡོད།

རྩོམ་ཡིག་ནང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་བར་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ནི་རང་དགར་གནམ་ནས་ཟགས་པ་ཞིག་མ་རེད་ལ།  གཞན་གྱིས་གནང་བ་དང་སྦྱིན་པ་ཞིག་དེ་བས་ཀྱང་མ་ཡིན་པར།  དེ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་དབུ་ཁྲིད་འོག་འབད་བརྩོན་དང་བློ་རིག  དཔའ་སྟོབས་བཅས་ལ་བརྟེན་ནས་གཏོད་པ་ཞིག་རེད།  མི་འབོར་དུང་ཕྱུར ༡༤ ཡོད་པའི་ང་ཚོའི་རྒྱལ་ཁབ་འདིར་མི་ཚང་མས་སྟོབས་ཤུགས་རེ་བཏོན་ཚེ་རི་སྒུལ་མཚོ་སྐྱོམ་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་པ་དང་།  མི་ཚང་མས་བྱ་བ་རེ་སྒྲུབ་པ་དང་ལས་ཀ་ཡག་པོ་རེ་བསྒྲུབས་ཚེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་ཕྱོགས་སུ་གོམ་སྟབས་གཅིག་སྤོ་ཐུབ་ཀྱི་རེད་ཅེས་ནན་བཤད་གནང་ཡོད།  རྒྱ་ཆེའི་ལས་བྱེད་པས་ཐོག་མའི་བསམ་འདུན་དེ་དོན་དངོས་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་འགྲན་སློང་ཆེ་མོར་ཁ་གཏད་གཅོག་པ་དང་།  ཉེན་ཁ་ཚབས་ཆེན་འགོག་པ།  འགལ་རྐྱེན་ཆེན་པོ་ཁྱད་བསད་བྱེད་པ།  འགལ་ཟླ་ཆེན་པོ་སེལ་བ་བཅས་ཀྱི་ཁྲོད་གདོང་ལེན་བྱེད་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བྱས་ཚེ་མི་དམངས་དུང་ཕྱུར་མང་པོའི་བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་ཐུབ་སྟེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་ལོ་རྒྱུས་ཀྱི་བྱས་རྗེས་རླབས་ཆེན་གསར་པ་གཏོད་ཐུབ་ངེས་རེད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]