ཆབ་མདོ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་པ་སྤུས་ལེགས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-21

ད་ལོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་རྒྱུ་དེ་འགན་ལེན་དྲུག་དང་བརྟན་པོ་དྲུག་གི་ལས་ཀའི་གཙོ་གནད་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས།  ཁྲོམ་ར་དང་ལྗོངས་ཕྱིའི་ལས་ཞུགས་ཐབས་ལམ་གཉིས་ལ་བརྟེན་ཏེ་སློབ་ཆེན་སློབ་ཐོན་པ་སྤུས་ལེགས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ལོ ༢༠༢༡ ལོའི་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལས་ཀའི་ཇུས་གཞི་པར་འགྲེམས་བྱས་ཏེ་ཆེད་མི་ཟུར་འཐེན་བྱས་ནས།  སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལས་ཀའི་ཆེད་སྒྲུབ་སྟོབས་ཤུགས་ཆེ་རུ་བཏང་སྟེ།  སྤྱི་ལོ ༢༠༢༡ ལོའི་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལས་ཀར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

དེ་དང་ཆབས་ཅིག  སྤྱི་ལོ ༢༠༡༨ ལོའི་ཚུན་གྱི་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ་ལས་ཤོར་དང་ལས་ཀ་རགས་མེད་པའི་སློབ་ཆེན་སློབ་ཐོན་པ ༡༦༩ ལ་རོགས་སྐྱོར་ཞིབ་ཐོ་བཟོས་པ་དང༌།  དེང་སྐབས་རོགས་སྐྱོར་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་མི ༡༥༥ ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།  སྤྱི་ལོ ༢༠༢༡ ལོར་ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཐན་ཅིན་དང་ཁྲུང་ཆིང༌།  ཧྥུ་ཅན་བཅས་སུ་ལས་ཞུགས་བོད་སྐྱོར་གྱི་སྦྲེལ་གཏུག་ཞབས་ཞུའི་ས་ཚིགས་བཙུགས་ཏེ།  སློབ་ཆེན་སློབ་ཐོན་པར་འཚམས་པའི་ལྗོངས་ཕྱིའི་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་པ་དང༌།  དེང་སྐབས་ལྗོངས་ཕྱི་ནང་དུ་རིགས་ཁག་གི་ལས་ཞུགས་ལས་གནས ༧༧༨༦ གསར་སྤེལ་བྱས་ཏེ།  སློབ་ཆེན་སློབ་ཐོན་པ་སློབ་གྲྭ་ཐོན་རྗེས་ལས་གནས་མང་པོ་བདམས་ཁ་བྱེད་རྒྱུར་མཐུན་རྐྱེན་སྦྱར་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]