ལྗོངས་ཡོངས་ཀྱི་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གི་རྣམ་གྲངས་འཛུགས་སྐྲུན་ལས་ཀའི་སྦྱོང་བརྡར་འཛིན་གྲྭ་སློབ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-22

ཉེ་དུས།  སྤྱི་ལོ ༢༠༢༡ ལོ་འཁོར་མོའི་ལྗོངས་ཡོངས་ཀྱི་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གི་རྣམ་གྲངས་འཛུགས་སྐྲུན་ལས་ཀའི་སྦྱོང་བརྡར་འཛིན་གྲྭ་གཞིས་རྩེ་གྲོང་ཁྱེར་དུ་སློབ་འགོ་ཚུགས་པ་དང༌།  གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་བགོས་འགན་འཁུར་པུའུ་ཀྲང་གཞོན་པ་དང༌།  ཤེས་དཔལ་གཞུང་ལས་ཁང༌།  སློབ་གསོ་ཅུས།  ནོར་སྲིད་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་།  སྤྱི་ལོ ༢༠༢༡ ལོ་འཁོར་མོའི་གསར་དུ་བསྐྲུན་པའི་གྲོང་གསེབ་སློབ་གྲྭ ༢༤༥ ཡི་བྱིས་པའི་ཕོ་བྲང་རྣམ་གྲངས་སློབ་གྲྭའི་སློབ་སྤྱི་དང་འགན་འཁུར་བློ་མཐུན་སྦྱོང་བརྡར་ནང་ཞུགས་ཡོད།
སྦྱོང་བརྡར་འཛིན་གྲྭ་དེ་གྲོང་གསེབ་ཀྱི་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་འཛུགས་སྐྱོང་དོ་དམ་རྣམ་གྲངས་ཇུས་འགོད་དང་བྱེད་སྒོ་སྤེལ་བ་སོགས་ཀྱི་ནང་དོན་ལ་དམིགས་ཏེ།  ས་གནས་ས་ཐོག་གི་སློབ་ཁྲིད་བྱེད་པ་མ་ཟད་ཧོ་ནན་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་བོད་དུ་སྤེལ་རེས་དང་སློབ་ཁྲིད་བྱེད་པར་ཡང་གདན་དྲངས་ཡོད།  སྦྱོང་བརྡར་རིང༌།  སློབ་མ་ཚོས་ད་དུང་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་ལྟེ་བའི་སློབ་ཆུང་དང༌།  པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་བསྐྱོད་ནས་ལྟ་སྐོར་དང་སློབ་སྦྱོང་བྱས་པ་དང༌།  བསྐྲུན་ཟིན་པའི་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གི་ལམ་ལུགས་འཛུགས་སྐྱོང་དང༌བྱེད་སྒོ་ཁང་བཀོད་སྒྲིག  བྱེད་སྒོ་སྤེལ་བ་སོགས་ཀྱི་གྲུབ་འབྲས་ལ་རྟོག་ཞིབ་བྱས་པ་རེད།
སྤྱི་ལོ ༢༠༡༡ ལོར་ལྗོངས་ཡོངས་སུ་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་བཙུགས་ཚུན།  ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་ནས་མ་དངུལ་སྒོར་དུང་ཕྱུར ༡.༥༩ བཏང་སྟེ་རང་ལྗོངས་ཀྱི་གྲོང་གསེབ་སློབ་གྲྭ ༥༩༢ ཀྱི་བྱིས་པའི་ཕོ་བྲང་འཛུགས་སྐྲུན་དང་དོ་དམ་ལ་རྒྱབ་སྐྱོར་བྱས་ཡོད།  ལོ་བཅུའི་རིང༌།  རང་ལྗོངས་ཀྱི་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་དེ་གསར་གཏོད་རང་བཞིན་གྱི་འཛུགས་སྐྲུན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་བར་དང༌།  དཔེ་སྟོན་རང་བཞིན་གྱི་སྐུལ་ཁྲིད་ནས་གཞི་ཁྱོན་རང་བཞིན་གྱི་སྐུལ་སྤེལ་བྱེད་པའི་དུས་མཚམས་སུ་སླེབས་པ་བརྒྱུད།  ཞིང་འབྲོག་ཁུལ་གྱི་ནར་མ་སོན་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་བསམ་པའི་ཁྱིམ་གཞིས་ཞིག་དང་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ནར་མ་སོན་པ་རྣམས་ལ་ཕན་པ་འདོགས་པའི་རེ་བའི་ལས་གཞི་དང་དམངས་འཚོའི་ལས་གཞི་ཞིག་ཏུ་གྱུར་ཡོད།
བོད་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་ལས་ཁང་ནར་མ་སོན་པའི་ལས་དོན་ཁྲུའི་ཁྲུའུ་ཀྲང་ཡེ་ཏན་ནས།  གཙོ་གཉེར་ཚན་པ་ཞིག་གི་ངོས་ནས་ང་ཚོས་ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏན་ནས་མི་གཏོང་བར་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་བསྒྲུབ་ནས།  ཞིང་འབྲོག་ཁུལ་གྱི་ལོ་ཆུང་བྱིས་པ་རྣམས་ལ་ཕན་འདོགས་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]