རང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-23

ཉེ་བའི་ལོའི་རིང་།  ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་ལུས་རྩལ་ཚན་པས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་དང་དམ་པོར་བསྟུན་ནས།  ས་ཆ་དང་བྱེད་སྒོ  རྩ་འཛུགས།  འགན་སྲུང་སོགས་གལ་ཆེའི་ལྷུ་ཚིགས་ལ་དམིགས་ཏེ་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་འགན་ནུས་འདོན་སྤེལ་བྱས་ཐོག  དམངས་ཡོངས་ལུས་སྦྱོང་བྱ་གཞག་གོང་འཕེལ་ཤུགས་ཆེ་བཏང་བ་དང་ལུས་རྩལ་སྒྲིག་ཆས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས།  དམངས་ཡོངས་ལུས་སྦྱོང་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཤེས་ཡོངས་ཁྱབ་ངང་ཟབ་ཏུ་ཕྱིན་ཡོད།
ལོ་ལྔ་ཚན་བཅུ་གསུམ་པའི་རིང༌།  ལྗོངས་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར ༨.༧༥ བཏང་ནས་གཙོ་གནད་ཐོག་གཞིས་རྩེའི་ཇོ་མོ་གླང་མའི་རྒྱལ་སྤྱིའི་རི་འཛེགས་ཐོན་ལས་གཉེར་སྐྱོང་ཞབས་ཞུ་ལྟེ་གནས་དང་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་ལུས་རྩལ་རྒྱན་ཤོག་སྤྱི་གླིང༌།  དམངས་ཡོངས་ལུས་སྦྱོང་རྐང་ལམ།  རི་འཛེགས་རྐང་ལམ་སོགས་ལུས་རྩལ་དམངས་ཕན་ལས་གཞི་ལག་བསྟར་བྱས་པ་དང་རྫོང་༼ ཆུས ༽རིམ་པའི་དམངས་ཡོངས་ལུས་སྦྱོང་བྱེད་སྒོ་ལྟེ་གནས ༦ སྐྲུན་ཞིང༌།  ཞིང་པའི་ལུས་རྩལ་ལུས་སྦྱོང་ལས་གཞིའི་གྲོང་ཚོ་རིམ་པའི་དཔེ་སྟོན་རྣམ་གྲངས ༡༦༩ དང་སྤྱི་ཚོགས་ལ་ཁ་ཕྱོགས་པའི་རྐང་རྩེད་སྤོ་ལོའི་ཐང་ ༥༢  མི་ལྔའི་ལམ་ལུགས་ཀྱི་རྐང་རྩེད་སྤོ་ལོའི་ཐང་ ༡༩༢  སློབ་གྲྭ་འབྲིང་ཆུང་གི་ལྕགས་དྲ་བསྐོར་བའི་རྐང་རྩེད་སྤོ་ལོའི་ཐང་ ༢༠༠ བཅས་སྐྲུན་ཡོད་པས།  སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ ༥༥༥ ལྷག་ཙམ་ཟིན་པའི་ལུས་རྩལ་ཐང་ ༨༢༣༧ ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]